ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཀོ་རྒྱལ་དགོན་དུ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་བླུག་པའི་གནས་ཚུལ།
ཀོ་རྒྱལ་དགོན་དུ་ཀུན་རིག་ལས་བཞི་རྒྱུན་ལྔའི་སྦྱིན་སྲེག་བླུག་པའི་གནས་ཚུལ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཤོ་ཁྲི་གཙུག་རྒྱལ་བོ།] [ཟླ་ཚེས། 11-12-05] [ཀློག་གྲངས། ]


༧མཆོག་སྤྲུལ་ཟླ་བ་གྲགས་པ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་དང་དགོན་འདིའི་མཁན་སློབ་བཤེས་གཉེན་རྣམ་པ་དབུ་བཞུགས།

༧མཆོག་སྤྲུལ་ཟླ་བ་གྲགས་པ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་དང་དགོན་འདིའི་མཁན་སློབ་གྲྭ་ཚང་རྣམས་ཀྱིས་སྨོན་ལམ་གསུངས་བཞིན་པ།

མཆོད་འཕྲེང་སྣ་ཚོགས།

མཆོད་འཕྲེང་།


བླ་གྲྭ་ལྷན་རྒྱས་སེར་འཕྲེང་ཕེབས་ནས་སྨོན་ལམ་གསུངས་པའི་གྲལ་བསྒྲིགས་གནང་བཞིན་པ།

ད་ཐེངས་ཀྱི་ཀུན་རིག་ལས་བཞི་ཆེན་མོ་འདི་ནི་གཏོང་ཕོད་ཆེ་བའི་དད་ལྡན་དག་གིས་ཡུན་རིང་གསོལ་བ་བཏབ་པའི་དགེ་དོན་གནད་སྨིན་བྱུང་སྟེ་ཀུན་རིག་ལས་བཞི་རྒྱུན་ལྔའི་ལག་ཁྲིད་གསལ་བའི་དམིགས་བུ་ལྟར་གྱི་དགུ་སྐོར་ལུགས་སུ་བྱས་པའི་གཞུང་ཤིང་ཆ་སོ་གཅིག་དང་སྟོང་ཤིང་ཆ་གཉིས་བཅས་ཁྱོན་ཀུན་རིག་མཆོད་ཕྲེང་ཆ་སུམ་ཅུ་སོ་གསུམ་གྱི་བདག་ཉིད་ཅན་དུ་གྲུབ་པའི་རླབས་པོ་ཆེའི་དགེ་བ་རྣམ་པར་དག་པ་འདི་ཉིད་༧ཀོ་རྒྱལ་དགོན་གྱི་བཤད་སྒྲུབ་གཉིས་དང་གྲྭ་ཚང་ལྷན་འཛོམས་ཐོག་བླ་གྲྭ་བརྒྱ་དང་ལྔ་བཅུ་ལྷག་གིས་སྤྱི་ལོ་༢༠༡༡་༡༡་༨དང་བོད་ཟླ་དགུ་བའི་ཚེས་བཅུ་གསུམ་ཉིན་ནས་དབུ་བཟུང་སྟེ་ཤག་ཏིའི་སྔགས་རིམ་གསེར་དངུལ་གྱིས་འབྲི་བཞེངས་དང་ཤོག་ཁྲ་མེ་ཏོག་སོགས་རྫས་བསགས་མཆོད་བཟོ་བཅས་ལ་ཉིན་གྲངས་བཅོ་ལྔའི་རིང་མཉམ་རུབ་ཀྱིས་འདུར་ཞིང་།


༧མཆོག་སྤྲུལ་ཟླ་བ་གྲགས་པ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ།

༧མཆོག་སྤྲུལ་ཟླ་བ་གྲགས་པ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་ནས་བྱང་དབང་གནང་བཞིན་པ།

དེ་ནས་སྤྱི་ཟླ་༡༢་༡དང་བོད་ཟླ་བཅུ་པའི་ཚེས་བདུན་བར་ཉིན་གྲངས་དགུའི་ཚེ་༧མཆོག་སྤྲུལ་ཟླ་བ་གྲགས་པ་རིན་ཆེན་ཕུན་ཚོགས་རིན་པོ་ཆེ་དང་དགོན་འདིའི་མཁན་སློབ་བཤེས་གཉེན་རྣམ་པ་དབུ་བཞུགས་ཐོག་ལས་བཞིའི་ཆོ་ག་རྒྱས་འབུལ་གྲངས་སུ་བསགས་པ་དང་།


མར་མེ།

བླ་གྲྭ་ལྷན་རྒྱས་ཀྱིས་ཀུན་རིག་ལས་བཞི་ལས་རྒྱུན་ལྔའི་གཞུང་བསྲང་བཞིན་པ།

ཀུན་རིག་ལས་བཞི་རྒྱུན་ལྔའི་དཀྱིལ་འཁོར།







མཆོད་ཕྲེང་དང་སྐུ་གསུམ་མེ་ལྷ།

ཁྱོན་ཉིན་གྲངས་ཉེར་བཞིའི་རིང་བླ་སློབ་དད་སྦྱིན་ཀུན་སྔ་ལངས་ཕྱི་ཉལ་གྱིས་བསོད་ཚོགས་བསགས་པའི་ཞིང་འདིར་དགེ་དོན་ལ་འབད་པ་བགྱིས་པའི་དུས་ཚིགས་ཁྱད་པར་བ་ཞིག་དངོས་སུ་སྨིན་ཕྱིར་དགེ་འབྲས་མཁར་ཁྱབ་གསོན་གཤིན་མཐའ་དག་གཏན་བདེ་དཔལ་ལ་སྤྱོད་པའི་བསྔོ་སྨོན་རྣམ་པར་དག་པའི་མཚམས་སྦྱར་བ་དང་བཅས་འཇུག་སྒྲིལ་བའོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག