ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུའི་འཆད་རྩོད་ཆེན་མོ་གྲོལ་བ།
དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུའི་འཆད་རྩོད་ཆེན་མོ་གྲོལ་བ།
[རྩོམ་གྱི་ཡོང་ཁུངས། ཧི་བོན་ཁྱུང་སྐྱུགས་ཟིན་བྲིས།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 11-12-10] [ཀློག་གྲངས། ]

༧གཡུང་དྲུང་བོན་གྱི་གདན་ས་དཔལ་གཤེན་བསྟན་སྨན་རིའི་གླིང་གི་གཡས་རུའི་འཆད་རྩོད་ཆེན་མོ་ཐེངས་བཅོ་ལྔ་པ་རྒྱལ་ཁའི་ངང་གྲོལ་བ།

   ཕྱི་ལོ་༢༠༡༡ལོའི་ཟླ་༡༡ཚེས་༡༥ནས་དབུ་འཛུགས་གནང་སྟེ་ཕྱི་ཟླ་༡༢པའི་ཚེས་༩ཉིན་གྱི་ སྔ་དྲོར་༧གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ གཡས་རུ་འཆད་རྩོད་ཆེན་མོ་ཐེངས་བཅོ་ལྔ་པ་རྒྱལ་ཁའི་ངང་གྲོལ་ཡོད་པའི་གནས་ཚུལ། #འདིའི་ཡར་སྔོན་མདུན་ངོས་སུ་འཆར་ཐུབ།#དེ་ཡང་ཐོག་མར་ཕྱི་ལོ་༡༩༩༧ལོར་༧དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུའི་ འཆད་རྩོད་ཆེན་མོ་༧སྐྱབས་རྗེ་༧རྒྱལ་བ་སྨན་རི་བའི་ཁྲི་འཛིན་སོ་གསུམ་པའི་ཐུགས་ བསྐྱེད་ཉེར་ལེན་ཟབ་མོ་ལ་བརྟེན་ནས་གསར་འཛུགས་མཛད་གནང་ཡོད་པ་རེད། སྤྱིར་གཡས་རུའི་འཆད་རྩོད་ཆེན་མོ་ཞེས་པ་སྔ་རབས་བོན་གྱི་གདན་ས་ཆེན་མོ་གཡས་རུ་ དབེན་ས་ཁའི་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་སྟོན་པ་བརྒྱད་པ་བོན་གྱི་སྤྱན་ལྡན་ ཆེན་པོ་འགྲོ་མགོན་འ་ཞ་བློ་གྲོས་རྒྱལ་མཚན་(༡༡༩༨།༡༢༦༣)མཆོག་གིས་མཛད་པའི་༼ཚད་ མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་༽ཀྱི་གཞུང་དོན་ལ་ བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་རྣམས་གཙོས། བཤད་སྒྲུབ་འདུས་སྡེའི་སློབ་གཉེར་བ་ཡོངས་རྫོགས་གླིང་སྟོད་དང་། གླིང་སྨད་གཉིས་སུ་ཕྱེས་ཏེ། དཔྱད་གསུམ་རྣམ་པར་དག་པའི་འཆད་རྩོད་དམིགས་བསལ་གནང་སྲོལ་ཡོད་པ་ལྟར།


འཆད་རའི་ནང་དུ་རྩོད་སྦྱོང་གནང་བ།

འཆད་རྩོད་སྐབས་དཔེ་ཁྲིད་གནང་བཞིན་པ།

འཆད་རྩོད་སྐབས་སུ་དཔེ་ཁྲིད་གནང་བཞིན་པ།

གླིང་སྟོད་སྨད་གཉིས་ཀྱིས་ཐུག་རྒྱག་བཞིན་པ།

རྩོད་ཐུག་སྐབས་དཔང་བཞུགས་ཀྱི་དགེ་བཤེས་རྣམ་པ།

བདུན་ཕྲག་རྩོད་རྒྱུགས་དམ་བཅའི་སྐབས།

མཐའ་མའི་རྩོད་རྒྱུགས་ལེན་བཞིན་པ།

མཐའ་མའི་རྩོད་རྒྱུགས་ཆེན་མོ་ཉིན།

   གོང་ཟླའི་ཚེས་༡༥ཉིན་ནས་དམིགས་བསལ་གྱིས་བཤད་སྒྲུབ་སློབ་གཉེར་བ་རྣམས་ཀྱིས་ ནངས་སྔ་ལངས་དང་དགོང་འཕྱི་གཟིམ་གྱིས་ངག་སྐྱོར་དང་བློ་སྦྱོང་ཤུགས་ཆེན་གནང་ ཡོད་པ་དང་། གཞན་བཤད་སྒྲུབ་སློབ་དཔོན་རིན་པོ་ཆེ་གཙོས་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་ རྩོད་པའི་དཔང་པོར་བཞུགས་ཏེ། བདུན་ཕྲག་སོ་སོར་གླིང་སྟོད་སྨད་གཉིས་སུ་བྱས་ཏེ་སློབ་གཉེར་བ་རྣམས་ཀྱིས། མ་རྟོགས་མུན་པ་སེལ་བའི་སྒྲོན་མེ། ལོག་རྟོག་བྲག་རི་གཞོམ་པའི་ཐོག་མདའ། ཐེ་ཚོམ་དྲྭ་བ་གཅོད་པའི་རལ་གྲི། བསྟན་པ་བྱི་དོར་བྱེད་པའི་ཐབས་ཀྱི་སྙིང་པོ། རྩོད་པ་བོན་གྱི་འཁོར་ལོ་ཡོངས་སུ་སྐོར་མཛད་དེ། བདུན་ཕྲག་རེ་ལ་རྩོད་ཐུག་ཆེན་མོ་རེ་གནང་ཡོད་པ་དང་། དེ་ཡང་མཐའ་མའི་བདུན་ཕྲག་གི་འཁོར་དུས་གསུམ་པའི་ཐོག་ལོ་གཅིག་གི་གཡས་རུའི་འཆད་ རྩོད་ཆེན་མོའི། རྩོད་ཐུག་གི་རྒྱལ་ཕམ་དང་ཁྱབ་ལོག་ཁག་འདུས་སྡེའི་ཚོགས་དབུས་སུ་སྒྲོག་སྦྱོང་ ཞུས་པ་དང་། འཆད་རྩོད་ཆེན་མོའི་མཐའ་མའི་རྩོད་རྒྱུགས་སྐབས་༧སྐྱབས་རྗེ་སྨན་རིའི་དཔོན་ སློབ་རིན་པོ་ཆེ་དབུས་བཞུགས་ཀྱིས་འབྲེལ་ཡོད་དཔེ་ཁྲིད་རྒན་རྣམ་པས་གཞུང་དོན་ གྱི་དཀའ་གནད་ཆེ་ཁག་ཤོག་སྒྲིལ་བཟོས་ཏེ་སློབ་གཉེར་བ་སོ་སོས་བླངས་ནས་༧སྐྱབས་ རྗེ་དཔོན་སློབ་རིན་པོ་ཆེའི་ཕྱག་ཏུ་ཕུལ་ཏེ་ཁོང་གིས་གསུངས་མཛད་པ་ལྟར། རིག་འཕྲུལ་གྱིས་བརྡར་ཤ་ལེགས་པར་བཅད་དེ་བདུན་ཕྲག་གཅིག་གི་རིང་རྩོད་རྒྱུགས་ དམ་བཅའ་ཆེན་མོ་མཛད་ནས་ཕྱི་ཟླ་༡༢པའི་ཚེས་༩ཉིན་གྱི་སྔ་དྲོར་༧གཡུང་དྲུང་བོན་ གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་གཡས་རུ་འཆད་རྩོད་ཆེན་མོ་ ཐེངས་བཅོ་ལྔ་པའི་མཐའ་མའི་རྩོད་རྒྱུགས་ཡོངས་སུ་ཟིན་ནས་བཀྲ་ཤིས་ཞལ་གཡང་དང་ བསྟན་པ་རྒྱས་པའི་སྨོན་ལམ་སོགས་ཀྱིས་མཐར་བརྒྱན་ཏེ་འཇུག་ཡོངས་སུ་གྲུབ་ཡོད་པ་ བཅས་ཀྱི་གནས་བསྡུས་ཙམ་དུ་དབུས་གཡུང་དྲུང་བོན་དྲ་ཚིགས་ཁང་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག