ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ཧི་བོན་ཁྱུང་སྐྱུགས་ཟིན་བྲིས།] [རྩོམ་པ་པོ། ཁྲི་གཡུང་དྲུང་།] [ཟླ་ཚེས། 11-12-16] [ཀློག་གྲངས། ]

རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་ཨ་རིའི་ཀོ་ལོམ་པི་ཡ་སློབ་ཆེན་ Columbia University དུ་ཚོགས་ཡོད་པའི་སྐོར།

 

དེ་ཡང་འཛམ་གླིང་རིག་འཕྲུལ་གྱི་དྲ་ལམ་ཁག་ན་བསྒྲགས་ཡོད་པ་ལྟར་ན། རྒྱལ་སྤྱིའི་བོད་ཀྱི་སྐད་ ཡིག་ཚོགས་འདུ་ཐེངས་དང་པོ་དེ་ ༡༩༨༧ ལོར་རྒྱ་གར་རྡ་རམ་ས་ལར་འཚོགས་ཡོད་པ་དང་། ཐེངས་གཉིས་པ་ ༡༩༩༢ ལོར་ཨི་ཊ་ལིར་འཚོགས་ཡོད། ཐེངས་གསུམ་པ་དེ་ཕྱི་ལོ་༢༠༡༡་ཟླ་བ་༡༢་ཚེས་ ༩ ནས་ ༡༤ བར་ཨ་རིའི་ནིའི་ཡོག་NYགི་ཀོ་ལོམ་པི་ཡ་མཐོ་སློབ་ཏུ་Columbia University འཚོགས་ཡོད་པ་རེད། 

ཐེངས་འདིའི་ཚོགས་འདུ་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྐོར་གྱི་མཁས་པ་དང་ ཉམས་ཞིབ་པ། དགེ་རྒན། རྩོམ་སྒྲིག་པ། ཡིག་སྒྱུར་བ་སོགས་མི་གྲངས་དགུ་བཅུར་ཉེ་བ་ཞིག་བོད་ཕྱི་ནང་གཉིས་ཀ་དང་དེ་བཞིན་ འཛམ་གླིང་གང་སར་ནས་ཆེད་ཕེབས་ཀྱིས་ཚོགས་འཛོམས་གནང་པར་བཤད།

ད་རེས་ཀྱི་ཚོགས་འདུའི་སྐབས། བོད་ཀྱི་གནའ་བོའི་ཡིག་རྙིང་འཚོལ་བསྡུ་དང་། དེ་མིན་བོད་རང་གི་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གཞུང་གང་མང་ཞིག་མེ་སྲེག་ཆུ་ བསྐྱར་བྱས་ཟིན་པ། ད་རུང་གང་མང་ཞིག་ལྷ་ཁང་རྙིང་པ་དང་ཁྱིམ་ཚང་རྙིང་གྲས་ཁག་ན་ཡོད་པ་དེ་དག་འཚོལ་ བསྡུ་དང་པར་སྐྲུན་དགོས་རབས། གཞན་བོད་རང་གི་སྐད་ཡིག་དང་ནུས་པ། རྩོམ་འབྲི། སྐད་ཡིག་གི་འགྱུར་བ་གསར་པ། རིག་རྩལ་རིན་ཐང་སྲུང་སྐྱོབ། བརྡ་ཆད་དང་ཐ་སྙད་གཅིག་གྱུར། གཅེས་ནོར་བསྟན་བཅོས་ཉར་ཚགས། བོད་ཀྱི་སྐད་ཡིག་སྐད་ཡིག་དང་པོའི་ངོ་བོ་ནས་སློབ་ཁྲིད་བྱ་སྟངས། བོད་ཀྱི་སྐད་ཡིག་སྐད་ཡིག་གཉིས་པའི་ངོ་བོ་ནས་སློབ་ཁྲིད་བྱ་སྟངས། རྩོམ་སྒྲིག་བྱེད་སྟངས། བརྡ་སྤྲོད། ཚིག་མཛོད་དང་དག་ཡིག་གི་སྐོར་སོགས་ནས་བགྲོ་གླེང་ཞིབ་རྒྱས་གནང་ཡོད་པ་དང་།

དེ་མིན་བོན་ཕྱོགས་ནས་མཁས་དབང་ཆེན་མོ་གཉའ་ཟླ་བ་བློ་གྲོས་མཆོག་དང་། སྦྲང་ཆར་རྩོམ་སྒྲིག་པ་བསོད་བློ། མཚོ་སྔོན་སློབ་གསོ་རྩོམ་སྒྲིག་པ་བསོད་བྷེ་བཅས་ཕེབས་གནང་ཡོད་པ་རེད། ཞིབ་ཕྲའི་གནས་ཚུལ་ཤེས་འདོད་པ་དག་གིས་དྲ་ཚིགས་ཁ་བྱང་ http://www.languageconference.org འདི་ལ་གཟིགས་དང་དེར། བོད་ཕྱི་ནང་གི་མཁས་པ་དང་ཉམས་ཞིབ་པ། དགེ་རྒན་སུ་དང་སུ་དག་ཕེབས་ཀྱི་ཡོད་པ་དང་། དེ་དག་གིས་བརྗོད་གཞི་གང་ཞིག་གླེང་ཡོད་པ་བཅས་གསལ་པོར་དབྱིན་ཇིའི་སྐད་ཡིག་ ཐོག་བཀོད་འདུག


རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པའི་སྐབས་ཀྱི་ཚོགས་མི་རྣམས།

ཨ་རིའི་ཀོ་ལོམ་པི་ཡ་སློབ་ཆེན་ Columbia University

ཕྱི་ལོ་༢༠༡༡ཟླ་༡༢ཚེས་༡༤་ཉིན་ཨ་རིའི་ཀོ་ལོམ་པི་ཡ་སློབ་ཆེན་དུ་ཚོགས་ཡོད་ པའི་རྒྱལ་སྤྱིའི་བོད་ཀྱི་སྐད་ཡིག་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་རྒྱལ་ཁའི་ངང་གྲོལ་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་དུ།

དབུས་གཡུང་དྲུང་བོན་དྲ་ཚིགས་ཁང་ནས་བསྡུས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག