ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཀན་སུའུ་མངའ་ཁོངས་སུ་བོན་གྱི་དཔེ་རྙིང་ཁག་རྙེད་སོན་བྱུང་བ།
ཀན་སུའུ་མངའ་ཁོངས་སུ་བོན་གྱི་དཔེ་རྙིང་ཁག་རྙེད་སོན་བྱུང་བ།
[རྩོམ་གྱི་ཡོང་ཁུངས། མཚོ་སྔོན་པོ་དྲ་བ།] [རྩོམ་པ་པོ། བདེ་ཆེན་མཚོ།] [ཟླ་ཚེས། 11-12-19] [ཀློག་གྲངས། ]

ཀན་སུའུ་ཁོངས་སུ་གནའི་ཆཱང་རིགས་ཀྱི་ཆོས་ཀྱི་བསྟན་བཅོས་ཏེ་བོན་གྱི་བསྟན་བཅོས་ཁག་བྱུང་བ།

ཀན་སུའུ་ཁོངས་སུ་བྱུང་བའི་གདོད་མའི་བོན་ཆོས་ཀྱི་བསྟན་བཅོས་དག

      ཉེ་སྔོན། ཀན་སུའུ་ཞིང་ཆེན་གྱི་ཏཱང་ཁྲེང་རྫོང་དུ་གནའི་ཆཱང་རིགས་ཀྱི་ཆོས་ཀྱི་བསྟན་བཅོས་མང་དུ་བྱུང་ཞིང་། དེའི་ནང་དོན་གཙོ་བོ་ནི་ཐང་རྒྱལ་རབས་དུས་མཇུག་གི་བོན་པོའི་ཆོས་ལུགས་ཡིན་པ་དང་། ཡིག་གཟུགས་ནི་སྔ་མའི་སྨར་ཡིག་ནས་ཡིག་རྙིང་གི་གཟུགས་སུ་བཀོད་འདུག རྒྱུས་ལོན་བྱུང་བ་ལྟར་ན་ཏཱང་ཁྲེང་རྫོང་སྲིད་གཞུང་གིས་ཚན་རིག་ཞིབ་འཇུག་ལས་ཁུངས་དང་མཉམ་འབྲེལ་བྱས་ནས་རྟོག་ཞིབ་ཐེངས་བཞི་ལ་བྱས་པ་རེད། ཁོང་ཚོས་འཚོལ་སྡུད་བྱས་པར་བརྒྱུད་ནས་ཡུལ་དེ་གའི་སྡེ་དམངས་ཀྱི་ཁྱིམ་དུ་བོན་ཆོས་ཀྱི་བསྟན་བཅོས12རྙེད་པ་དང་། དེ་དག་ནི་མིང་རྒྱལ་རབས་ཀྱི་སྐབས་སུ་ཐང་རྒྱལ་རབས་སྐབས་ཀྱི་བོན་ཆོས་བཤུ་འབྲི་བྱས་པའི་ཡན་ལག་བསྟན་བཅོས་ཤིག་ཡིན་པ་རེད།
      ཁོང་ཚོས་རྟོག་ཞིབ་བྱས་པ་ལྟར་ན་ད་ལྟ་ཏཱང་ཁྲེང་རྫོང་དུ་འཚོ་སྡོད་བྱས་ཡོད་པའི་བོད་རིགས་རྣམས་ནི་དུས་རབས་ལྔ་བ་ནས་དུས་རབས་དྲུག་པའི་བར་དུ་ཏཱང་ཁྲེང་རྒྱལ་ཁབ་བཙུགས་པའི་གནའི་ཆཱང་རིགས་ཀྱི་རྒྱུད་པ་ཡིན་པར་བཤད་ཅིང་། དེར་མ་ཟད་ཏཱང་ཁྲེང་རྫོང་ས་གནས་རྣམ་བཤད་གཞུང་ལས་ཁང་གི་ཀྲུའུ་རིན་ཡཱང་ཧེ་ཧྥན་གྱིས་ཏཱང་ཁྲེང་བོན་བསྟན་དང་བོད་ཀྱི་བོན་བསྟན་གཉིས་ཐ་དད་དུ་འཛིན་པ་སྟེ། བོད་ཀྱི་བོན་བསྟན་གྱིས་མི་ལ་མཆོད་པ་དང་། ཏཱང་ཁྲེང་བོད་བསྟན་གྱིས་བྱའི་རིགས་ལ་མཆོད་པ་ཡིན་ལ། ཕྱི་མ་དེ་ནི་རྡོ་ཆས་སྤྱོད་པའི་དུས་རབས་གསར་པའི་དུས་ནས་བྱུང་ཞིང་བོད་ཀྱི་བོན་བསྟན་ལས་དུས་སྔ་བས་བོན་བསྟན་དེ་ཐོག་མ་ཏཱང་ཁྲེང་ནས་བྱུང་བ་ཡིན་པར་འདོད་མོད་ཀྱང་། རིག་གཞུང་ཞིབ་འཇུག་གི་ཁོངས་སུ་གཅིག་མཐུན་གྱི་བཞེད་པ་ལྟར་ན་བོན་ཆོས་ནི་བོད་ཁམས་ནས་བྱུང་ཞིང་རྗེས་སོར་ཧཱན་ནུབ་མའི་སྐབས་སུ་ཀྲུང་གོའི་རྒྱལ་ཁབ་ཡོངས་སུ་ཁྱབ་བརྡལ་དུ་སོང་བ་ཡིན་ལ། ཏཱང་ཁྲེང་རྫོང་དུ་རྙེད་པའི་བོན་གྱི་བསྟན་བཅོས་དེ་དག་ནི་གདོད་མའི་བོན་ཆོས་ཏེ་གཡུང་དྲུང་བོན་མ་བྱུང་བའི་སྔོན་གྱི་སྲིད་པ་རྒྱུད་ཀྱི་བོན་བསྟན་གྱི་ཆོས་གཞུང་དག་ཡིན་པར་བཤད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག