ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་གསལ་བརྡ།
གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་ཀྱི་གསལ་བརྡ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། དྲུང་ཡིག་ཚན་ཁག] [ཟླ་ཚེས། 11-12-19] [ཀློག་གྲངས། ]

དེ་ཡང་རྩེ་ཞིག་ཚང་ཤེས་རབ་བསྟན་པའི་ཟླ་བ་ཚང་དང་སྟེང་ཆེན་བླ་མ་རྒྱ་མཚོ་ནོར་བུ་མཆོག་རྣམ་གཉིས་ཀྱིས་མཉམ་འབྲེལ་མཐུན་ཚོགས་ལ་༼གངས་ཏི་སེ་བོན་གཞུང་རིག་མཛོད༽དཔེ་ཚོགས་ཆེན་མོ་ཚར་སྟོང་ཕྲག་གཉིས་མཉམ་འབྲེལ་མཐུན་ཚོགས་ལ་ཕུལ་བ་དེ། མཉམ་འབྲེལ་མཐུན་ཚོགས་ཀྱིས་གྲོས་ཆོད་ལྟར་དུ་བོད་མདོ་དབུས་ཁམས་གསུམ་གཙོས་པའི་རྒྱལ་ཕྱི་ནང་དུ་ཡོད་པའི་དགོན་སྡེ་དང་རི་ཁྲོད། བཤད་སྒྲུབ་སློབ་གླིང་བཅས་ལ་འབུལ་རྒྱུ་གཏན་ཁེལ་གནང་བར་ལྟར་དུ་ཕུལ་བ་ཀུན་གྱིས་མཁྱེན་གསལ་ལྟར་རེད་ལ། དེ་ལྟར་ཕྱོགས་དང་རིས་སུ་མ་ཆད་པའི་སྒོ་ནས་ཕུལ་ཚར་ནས། ད་ལྟ་ཡང་ཚར་གྲངས་བཅུ་ཕྲག་ལྷག་ལྷག་འདུག་པ་དེ་ཡང་དགོས་གལ་ཆེ་བའི་ཀློག་པ་པོ་རྣམས་ལ་བཙོང་རྒྱུའི་གཏན་ཁེལ་བྱས་ཡོད་ལ། རིན་གོང་ནི་དཔེ་སྐྲུན་ཁང་གིས་རིན་གོང་ལྟར་ཡིན་ལ།

                   དགོས་མཁོ་མཁན་དག་གིས་འབྲེལ་གཏུགས་གནང་ཡུལ།

 གདོང་བཙུན་རྒྱ་ཐར། 15983724168
རྟོགས་ལྡན་སྐལ་གོ། 13099951444

ཞེས་དྲུང་ཡིག་ཚན་ཁག་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག