ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྟོགས་ལྡན་༧ཁྲི་བ་རིན་པོ་ཆེའི་བརྒྱད་ཅུའི་གྱ་སྟོན།
རྟོགས་ལྡན་༧ཁྲི་བ་རིན་པོ་ཆེའི་བརྒྱད་ཅུའི་གྱ་སྟོན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། གཟི་ཚའི་སྤྲུལ་སྐུས་བསྡུས།] [ཟླ་ཚེས། 12-02-24] [ཀློག་གྲངས། ]

རྟོགས་ལྡན་༧ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚུལ་བཟུང་ནས་ལོ་འཁོར་བརྒྱད་ཅུར་ལེན་པའི་དུས་སྟོན་སྤེལ་བ།

རྟོགས་ལྡན་ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ།

ཕྱོགས་ཕྱོགས་ནས་ཕེབས་པའི་བླ་གྲྭ་རྣམས་ཀྱིས་༧རིན་པོ་ཆེ་ཕེབས་བསུ་བྱེད་བཞིན་པ།

རིན་པོ་ཆེའི་གྱ་སྟོན་ལ་ཡོང་བའི་དད་ལྡན་དམངས་ཚོགས།

    འབྱུང་ལྡན་༣༠༡འབྱུང་ལོ་༡༨༠༢༩བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་ལོའི་ཟླ་དང་བོའི་ཚེས་གཅིག་ཉིན་ནས་དབུ་བཟུང་སྟེ་མདོ་སྨད་བོན་གྱི་གདན་ས་རྟོགས་ལྡན་དགོན་པའི་༧ཁྲི་བ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་རིན་པོ་ཆེ་མཆོག་གི་བརྒྱད་ཅུ་གྱ་སྟོན་དགོན་དེ་ག་རུ་མཛད་སྒོ་སྤེལ་བ་རེད། དེ་ཡང་དགོན་སྡེ་བརྒྱ་ཕྲག་ལྷག་གི་སྐུ་ཚབ་ཏུ་ཕེབས་པའི་མཁན་པོ་དང་བླ་མ། སྤྲུལ་སྐུ། དགེ་བཤེས། གྲྭ་བཙུན་སོགས་བདུན་བརྒྱ་ལྷག་དང་། དེ་བཞིན་སྔགས་འཆང་དང་དད་ལྡན་དམངས་ཚོགས་དྲུག་སྟོང་ལྷག་ཁྲི་བ་རིན་པོ་ཆེའི་གྱ་སྟོན་དུ་ཕེབས་ཡོད་པ་དང་། ཁྱད་པར་དུ་རྔ་བ་རྫོང་གི་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ཚང་མའི་སྐུ་ཚབ་དང་ཡང་སྒོས་སུ་སྣང་ཞིག་དགོན་ཆེན་ནས་བླ་གྲྭ་ཉིས་བརྒྱ་ལྷག་ཕེབས་ཡོད་ཅིང་། གྱ་སྟོན་གྱི་དུས་སྟོན་དེ་བོད་ཆུ་འབྲུག་ལོའི་ཚེས་གཅིག་ནས་དབུ་བཟུང་སྟེ་ཚེས་ལྔའི་བར་དུ་གྱ་སྟོན་གནང་རྒྱུ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག