ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ནང་བསྟན་སློབ་གླིང་དུ་༧རྗེ་རྒྱལ་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་ཆེན་འཚོགས་པ།
ནང་བསྟན་སློབ་གླིང་དུ་༧རྗེ་རྒྱལ་བ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་ཆེན་འཚོགས་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། རིན་སྤུངས་ཚུལ་བསྟན།] [ཟླ་ཚེས། 12-02-27] [ཀློག་གྲངས། ]

  དེ་ཡང་འབྱུང་ལྡན་༣༠༡འབྱུང་ལོ༡༨༠༢༩བོད་ཆུ་འབྲུག་ལོའི་ཟླ༡ཚེས་ལྔ་ཕྱི་མ་༼༢༠༡༢་༢་༢༧༽ཉིན་ལ་པེ་ཅིང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་ཁང་གསར་པ་ཚོམས་ཆེན་ཉི་འོད་འཁྱིལ་བར་ནང་བསྟན་སློབ་གླིང་གིས་བཀོད་སྒྲིག་ལྟར་དུ་སློབ་གླིང་དེ་གར་བཞུགས་པའི་བོན་གྱི་དགེ་སློབ་རྣམ་པས་༧རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་དུས་མཆོད་ཆེན་མོ་འཚོགས་པ་རེད།

   སྤྱིར་ནང་བསྟན་སློབ་གླིང་དུ་བོད་ཀྱི་ཆོས་བརྒྱུད་ཆེན་མོ་དྲུག་གམ་གྲུབ་མཐའ་ཆེན་མོ་དྲུག་པོ་སོ་སོ་ཐུན་མོངས་མ་ཡིན་པའི་དུས་ཆེན་རེ་འཚོགས་སྲོལ་བཙུགས་པ་བཞིན་དུ་གཡུང་དྲུང་བོན་ལའང་༧རྗེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་ཆེན་འཚོགས་སྲོལ་བཙུགས་ཡོད་པ་རེད།

དགེ་སློབ་རྣམ་པས་༧རྗེ་རིན་པོ་ཆེ་མཉམ་མེད་ཤེས་རབ་རྒྱལ་མཚན་མཆོག་གི་ཕྱི་ནང་གསང་བའི་གསོལ་བསྟོད་མཆོད་གཞུང་སོགས་ཀྱི་ཆོ་ག་སྤེལ་བ།

ད་ལོའི་དུས་ཆེན་འཚོགས་པ་དེ་ལོ་རྒྱུས་ཀྱི་སྟེང་དུ་པེ་ཅིང་ཀྲུང་གོ་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་དུ་༧རྗེ་རིན་པོ་ཆེ་རྒྱལ་བ་གཉིས་པ་མཉམ་མེད་ཤེས་རབ་རྒྱལ་མཚན་གྱི་དུས་མཆོད་ཆེན་མོ་འཚོགས་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག