ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཁྲི་གཡུང་དྲུང་ལགས་སུ་དཔྱད་རྩོམ་འགྲན་བསྡུར་ཨང་དང་པོ་ཐོབ་པ།
ཁྲི་གཡུང་དྲུང་ལགས་སུ་དཔྱད་རྩོམ་འགྲན་བསྡུར་ཨང་དང་པོ་ཐོབ་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། འབྲོག་རུ་ཆོས་དར།] [ཟླ་ཚེས། 12-03-15] [ཀློག་གྲངས། ]

   ཕྱི་ལོ་༢༠༡༡ཟླ་༡༢ཚེས་༢༥ནནས་༢༩བར་དུ་སྦེང་ལོར་གྲོང་ཁྱེར་དུ་ཡོད་པའི་བོད་ཀྱི་མཐོ་སློབ་ཏུ་བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་དྲུག་པའི་སྐབས་སུ། གདན་ས་ཁག་དང་མཐོ་སློབ་ཁག་ནས་སློབ་གཉེར་བ་རྣམས་ཆེད་ཕེབས་ཀྱིས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བགྲོ་གླེང་དང་རྩོམ་ཡིག་སྣ་ཚོགས་འགྲན་བསྡུར་གནང་ཡོད་པ་དང་། དེའི་སྐབས་ས་སྐྱ་མཐོ་སློབ་དང་། ནོར་གླིང་མཐོ་སློབ། ས་རཱ་བོད་ཀྱི་མཐོ་སློབ། ཀི་རྟི་མཐོ་སློབ། སྨན་རིའི་གླིང་སོགས་མཐོ་སློབ་ཁག་བཅུ་བཞི་ནས་འབྱོར་བའི་བོད་ཡིག་དང་། དབྱིན་ཡིག་གཉིས་ཀྱི་དཔྱད་རྩོམ་ཁག་འགྲན་བསྡུར་སྐབས། སྨན་རིའི་གླིང་ནས་ཆེད་ཕེབས་ཀྱི་སློབ་གཉེར་པ་ཁྲི་གཡུང་དྲུང་ལགས་སུ། དཔྱད་རྩོམ་ཨང་དང་པོ་འཐོབ་ཡོད་པའི་གསལ་བསྒྲགས་ཕྱི་ལོ་༢༠༡༢ཟླ་གསུམ་པའི་ཚེས་༡༥ཉིན་གནང་འདུག 
   ཁོང་གི་རྩོམ་ཡིག་ ༼ཡ་ཐོག་བོད་ཀྱི་སྙན་ངག་བྱུང་ཁུངས་ལ་དཔྱད་པ།༽ཞེས་པ་དེ་རེད་ལ། རྩོམ་ཡིག་འགྲན་བསྡུར་ཨང་དང་པོ་འཐོབ་པར་ཧིན་སྒོར་སྟོང་ཕྲག་ལྔ་དང་། ཕྱག་འཁྱེར་བྱང་བུ་བཅས་ཕུལ་འདུག
   ཁྲི་གཡུང་དྲུང་ནི། མདོ་སྨད་མཚོ་སྔོན་དུ་སྐྱེས་ཤིང་། ས་གནས་སློབ་ཆུང་མཐར་ཕྱིན་རྗེས་ཁྲི་ཀ་ཁྱུང་མོ་དགོན་དུ་སློབ་གཉེར་མཛད། ཕྱི་ལོ་༢༠༠༢ལོར་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་ཕེབས་ཏེ་སློབ་གཉེར་གནང་བཞིན་ཡོད་པ་དང་། ད་ལྟ་བོན་སྒོ་རྩོམ་སྒྲིག་ཁང་གི་ཚོགས་མི་དང་། སྨན་རིའི་གླིང་གི་རིག་གནས་འགན་འཛིན། གཡུང་དྲུང་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་བཅས་ཀྱི་ཕྱག་ལས་གནང་བཞིན་ཡོད་པའི་ངོ་སྤྲོད་ཙམ་མོ། །

 

ངོ་སྤྲོད་ཞུ་མཁན་ས་རཱ་མཐོ་སློབ་ཀྱི་སློབ་གཉེར་བ་འབྲོག་རུ་ཆོས་དར་ནས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག