ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཁྲི་གཡུང་དྲུང་ལ་དཔྱད་རྩོམ་འགྲན་ཨང་དང་པོ་ཐོབ་པ།
ཁྲི་གཡུང་དྲུང་ལ་དཔྱད་རྩོམ་འགྲན་ཨང་དང་པོ་ཐོབ་པ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། snowyouth] [ཟླ་ཚེས། 12-08-07] [ཀློག་གྲངས། ]


“བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པའི་”སྐབས་རྩོམ་པ་པོ་ཁྲི་གཡུང་དྲུང་ལགས་ལ་དཔྱད་རྩོམ་འགྲན་ཨང་དང་པོ་འཐོབ་པ།

རྩོམ་པ་པོ་ཁྲི་གཡུང་དྲུང་ལགས།

      ཕྱི་ལོ་༢༠༡༢ལོའི་སྤྱི་ཟླ་༨ཚེས་༡ནས་ཟླ་༨ཚེས་༤ཉིན་བར་ས་རཱ་མཐོ་སློབ་ནས་གོ་སྒྲིག་འོག་ཉིན་བཞིའི་རིང་ལ་བོད་ཀྱི་རིག་གནས་བགྲོ་གླེང་ཐེངས་དྲུག་པ་«གནའ་དེང་བོད་ཀྱི་རིག་གནས་དང་། མི་རབས་གསར་པའི་ཕུགས་བསམ་གླེང་བ»ཞེས་པའི་སྐོར་ལ་བགྲོ་གླེང་ཞིག་ཚོགས་པ་དང་། ཐེངས་འདིར་ཕེབས་པའི་བགྲོ་གླེང་བ་རྣམ་པའི་དཔྱད་རྩོམ་ཁག་ལ་བརྒྱ་ཆའི་ཨང་རིམ་ལྟར་གྱི་ཕྱག་འཁྱེར་བྱ་དགའ་བསྩལ་གནང་ཡོད་པ་ལས། ཨང་རིམ་དང་པོ་སྨན་རིའི་གླིང་གི་རྩོམ་པ་པོ་ཁྲི་གཡུང་དྲུང་ལགས་ཀྱིས་བགྲོ་གླེང་དེར་སྒྲོག་སྦྱོང་ཞུས་པའི་༼གནའ་བོའི་ཞང་ཞུང་ཞིབ་འཇུག་གི་ས་བོན་རགས་བསྡུས༽ཞེས་པའི་དཔྱད་རྩོམ་ཤོག་ངོས་༢༨ཡོད་པ་དེར་འཐོབ་ཡོད་འདུག

      ཐེངས་འདིའི་རིག་གནས་བགྲོ་གླེང་ཐོག་ཆེད་དུ་བཅར་བའི་མཁས་པ་དང་ཉམས་ཞིབ་པ། མཐོ་སློབ་ཁག་གི་བགྲོ་གླེང་བ་རྣམ་པ་དང་། ས་རཱ་མཐོ་སློབ་ཀྱི་དགེ་ལས་སློབ་ཕྲུག་བཅས་མཉམ་འཛོམས་བྱས་ཡོད་འདུག  བགྲོ་གླེང་ཚོགས་འདུ་དེའི་སྟེང་ས་གནས་མཐོ་སློབ་ཁག་༡༨ནས་མཐོ་རིམ་སློབ་མ་དང་། བོད་ཀྱི་རིག་གཞུང་བསྟི་གནས་ཁང་ཁག་གི་སྐུ་ཚབ་བཅས་བགྲོ་གླེང་བ་༣༦དང་། ཟུར་ཉན་པ་༣༠ཁྱོན་བསྡོམས་མི་གྲངས་༧༠ལྷག་མཉམ་ཞུགས་བྱས་འདུག་ལ། ཉིན་དེ་དག་རིང་«གནའ་དེང་བོད་ཀྱི་རིག་གནས་དང་། མི་རབས་གསར་བའི་ཕུགས་བསམ་གླེང་བ»ཞེས་བགྲོ་གླེང་གི་ཁ་བྱང་དུ་བཞག་སྟེ། སྤྱིར་བོད་ཀྱི་གནའ་དེང་གི་རིག་གནས་ཞེས་པའི་བརྗོད་གཞི་སྡེ་ཚན་སོ་སོའི་ཐོག་ཆེད་མཁས་པ་གདན་ཞུས་ཀྱིས་གཏམ་བཤད་གནང་ཡོད་པ་བཅས་ཀྱི་གནས་བསྡུས་ཙམ་མོ།།


ཐེངས་འདིའི་བགྲོ་གླེང་ཚོགས་མི་ལྷན་རྒྱས།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག