ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> ཁམས་ཉག་རོང་རིག་གཞུང་དར་སྤེལ་གྱི་རྒྱུགས་སྤྲོད་ཆེན་མོ།
ཁམས་ཉག་རོང་རིག་གཞུང་དར་སྤེལ་གྱི་རྒྱུགས་སྤྲོད་ཆེན་མོ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། སུ་ལ་དགོན་ཚུལ་ཁྲིམས།] [ཟླ་ཚེས། 12-09-02] [ཀློག་གྲངས། ]


འཆད་རྒྱུགས་བྱེད་བཞིན་པའི་ཚོགས་རའི་ཟུར་ཞིག

    ༢༠༡༢ལོ་བོད་ཟླ་༧པའི་ཚེས༣་ལ་ཁམས་ཉག་རོང་རིག་གཞུང་དར་སྤེལ་ཐེངས་དང་པོའི་རྒྱུགས་སྤྲོད་ཆེན་མོ་དེ་ཐང་སྐྱིད་བསམ་གཏན་དགོན་དུ་ཚོགས་པ་རེད། 


གྲུབ་མཐའ་རིས་མེད་ཀྱི་སློབ་གཉེར་བ་རྣམས་ཀྱིས་རྩོད་པ་བྱེད་བཞིན་པའི་རྣམ་པ།

  རྒྱུགས་སྤྲོད་ལ་ཞུགས་མཁན་ནི་བོན་པོ་དང་། རྙིང་མ། ས་སྐྱ། བཀའ་བརྒྱུད་དེ་གྲུབ་མཐའ་ཁག་བཞིའི་སློབ་གཉེར་བ་རྣམས་མཉམ་དུ་འདུས་ནས་ཉིན་དྲུག་ཙམ་གྱི་རིང་ལ་འཆད་རྩོད་རྩོམ་གསུམ་སོགས་ལ་རྒྱུགས་སྤྲོད་བྱེད་ཡོད་ལ།


བོན་གྱི་སློབ་གཉེར་བ་གྲྭ་ཆུང་ཚུལ་ཁྲིམས་ཀྱིས་ཐེངས་འདིའི་རྩོད་རྒྱུགས་ཁྲོད་དུ་རྩོད་པ་བྱེད་བཞིན་པའི་རྣམ་པ།

  གང་ཞེ་ན། འཆད་རྒྱུགས་དང་། རྩོད་རྒྱུགས། དཔྱད་རྩོམ་གྱི་རྒྱུགས། བྲིས་རྒྱུགས། བློ་རྒྱུགས། བགྲོ་གླེང་དམ་བཅའ་སོགས་སྣ་ཁ་དྲུག་ཙམ་གྱི་ཐོག་ནས་རྒྱུགས་ལེན་བྱེད་པ་རེད། འདིའི་ནང་གཙོ་བོ་ཁམས་ཉག་རོང་ཕྱོགས་ཀྱི་སློབ་གཉེར་བ་རྣམས་ཞུགས་དགོས་པ་དང་། གཞན་གྲྭ་ས་གོང་ནས་ཕེབས་པའི་མཁས་དབང་རྣམས་ཡང་ཞུགས་ཆོག་པ་རེད།


ཉག་རོང་རྒྱ་ཞིག་འབྲུག་གྲགས་དགོན་གྱི་སློབ་གཉེར་བ་རྣམས་དང་བོན་གྱི་རྒྱུགས་ལེན་བླ་སྤྲུལ་མཁན་པོ་རྣམ་པ།

  ད་ལོའི་རྒྱུགས་སྤྲོད་ཆེན་མོ་ནང་ལ་གཡུང་དྲུང་བོན་གྱི་སློབ་གཉེར་བ་ཉི་ཤུ་ལྷག་ཞུགས་ཡོད་ལ། རྒྱུགས་དཔང་མཁན་པོ་ཡང་བོན་ཕྱོགས་ནས་མཁན་རིག་འཛིན་དབང་རྒྱལ་དང་། ཨ་འཆི་མེད་རྣམ་རྒྱལ་སོགས་ཡོད་པ་རེད། རྒྱུགས་སྤྲོད་ཀྱི་ཡིག་ཆ་ནི་ལོ་རེ་བཞིན་གྲུབ་མཐའ་རང་རང་གིས་གཏན་འབེབས་བྱེད་ཀྱིན་ཡོད་ལ། འདི་ནི་ཁམས་ཉག་རོང་གི་སློབ་གཉེར་བ་རྣམས་ཡར་རྒྱས་གོང་འཕེལ་ཡོང་བ་ལ་ཧ་ཅང་གལ་ཆེ་བས་ད་ལོ་ནས་བཟུང་ལོ་རེར་ཐེངས་རེ་འཚོགས་རྒྱུའི་ཐག་བཅད་པ་རེད།

  རྒྱུགས་སྤྲོད་འདིའི་འགན་དབང་ཐམས་ཐད་རྒྱུགས་སྤྲོད་དོན་དམ་ཚོགས་པ་ལ་རགས་ལས་པས་དེའི་ནང་ལ་བོན་པོའི་ཕྱོགས་ནས་ཨ་འཆི་མེད་རྣམ་རྒྱལ་དང་གཡུང་དྲུང་རྒྱལ་མཚན་གཉིས་དང་གཞན་རྙིང་མ་དང་ས་སྐྱ་བཀའ་བརྒྱུད་རྣམས་ལ་མི་སྣ་དྲུག་བཅས་ཁྱོན་མི་སྣ་བརྒྱད་ཡོད་ལ། འདི་ནི་གྲུབ་མཐའི་བར་གྱི་དོགས་སེལ་དང་ཕན་ཚུན་ལ་ཡིད་ཆེས་ཆོག་པའི་གྲུབ་འབྲས་གལ་ཆེ་ཞིག་ཏུ་གྱུར། ཉིན་དྲུག་གི་མཐར་བླ་སྤྲུལ་མཁས་མང་སྟོང་ལྷག་ཞིག་ཐུགས་སྤྲོ་བའི་ངང་ནས་སོ་སོའི་གནས་སུ་བྱོན་པ་ལགས། །

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག