ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་ཐེངས་གསུམ་པ་ཉི་ཧོང་རྒྱལ་ཁབ་ཏུ་ཚོགས་པ།
རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་ཐེངས་གསུམ་པ་ཉི་ཧོང་རྒྱལ་ཁབ་ཏུ་ཚོགས་པ།
[རྩོམ་གྱི་ཡོང་ཁུངས། དྲ་རྒྱ་ལས་བཏུས་པ།] [རྩོམ་པ་པོ། རྩོམ་པ་པོ་སུ་ཡིན་མ་ཤེས།] [ཟླ་ཚེས། 12-09-10] [ཀློག་གྲངས། ]

   དེ་ཡང་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་ཐེངས་དང་པོ་དེ་༢༠༠༧ལོར་དབྱིན་ཇིའི་རྒྱལ་ཁབ་ཏུ་ཚོགས་ཡོད་པ་དང་། ཐེངས་གཉིས་པ་ཕྱི་ལོ་༢༠༠༩ལོར་ཧྥ་རན་སིའི་རྒྱལ་ཁབ་ཏུ་ཚོགས་ཡོད་པ་བཞིན། རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་ཚོགས་ཆེན་ཐེངས་གསུམ་པ་(3rd International Seminar of Young Tibetologists)ཉི་ཧོང་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨོ་ས་ཀའི་ཀོ་བེ་མཐོ་སློབ་( Kobe City University of Foreign Studies,Japan) ཏུ་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པ་Kazushi IWAO, Ai NISHIDA, Meishi YAMAMOTO and Seiji KUMAGAI བཅས་ཀྱིས་གོ་སྒྲིག་འོག་ཕྱི་ལོ་༢༠༡༢ཟླ་༩ཚེས་༣ནས་༢༠༡༢ཟླ་༩ཚེས་༧བར་ཏུ་ཚོགས་ཡོད་པ་རེད། ཐེངས་འདིའི་ཚོགས་ཆེན་སྟེང་བོད་ཕྱི་ནང་དང་རྒྱལ་ཁབ་ཉི་ཤུ་ནས་བོད་རིག་པའི་མཁས་དབང་དང་ཉམས་ཞིབ་པ། དགེ་བཤེས། མཐོ་རིམ་སློབ་གྲྭ་བ་སོགས་མི་གྲངས་བརྒྱད་ཅུ་ལྷག་མཉམ་འཛོམས་བྱུང་ཡོད་པ་དང་། བོན་ཕྱོགས་ནས་ཀྱང་བོན་སྒོའི་གཙོ་སྒྲིག་པ་སྨན་རིའི་དགེ་བཤེས་ཆོས་འཁོར་ཚང་ཉི་མ་འོད་ཟེར་དང་། གཡུང་དྲུང་བོན་གྱི་དྲ་བའི་གཙོ་སྒྲུབ་པ་ཁྲི་གཡུང་དྲུང་། བལ་ཡུལ་ཁྲི་བརྟན་ནོར་རྩེའི་དགེ་བཤེས་དྲང་སྲོང་རྣམ་རྒྱལ་དང་། དེ་བཞིན་རྒྱལ་ཕྱི་ནང་གི་བོན་གྱི་ཉམས་ཞིབ་པ་དུ་མ་ཞིག་ཚོགས་ཐོག་ཏུ་ཕེབས་ནས་ཁོང་ཚོས་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་རྩོམ་སོགས་སྒྲོག་སྦྱངས་གནང་ཡོད་པ་རེད།

   དེ་ཡང་ཉིན་རེ་བཞིན་བོད་ཀྱི་གནའ་དེང་གི་ཆོས་རིག་ལོ་རྒྱུས་ལ་ཞིབ་འཇུག་དང་སློབ་གཉེར་མཛད་པའི་གཞོན་སྐྱེས་ཤེས་ཡོན་པ་དང་། ཆེད་མཁས་རྣམས་ཀྱིས་བོད་རིག་པའི་གཞོན་ནུའི་འདུ་ཚོགས་ཐེངས་གསུམ་པའི་ཚོགས་ཆེན་སྟེང་(3rd international Seminar of Young Tibetologists)རང་རང་གི་རྣམ་དཔྱོད་ཀྱི་རྩལ་ལས་གྲུབ་པའི་ཆོས་ལུགས་རིག་གནས་དང་། རྒྱལ་རབས་ལོ་རྒྱུྶས། ཡུལ་གོམས་གཤིས་ལུགས་སོགས་བོད་རིག་པ་དང་འབྲེལ་བའི་བརྗོད་གཞི་སྣ་ཚོགས་པའི་སྟེང་རང་ཉིད་ཀྱི་བསམ་ཚུལ་མཚོན་པའི་དཔྱད་རྩོམ་སྒྲོག་སྦྱངས་གནང་ཡོད་པ་རེད།
    མཇུག་བསྡོམས་སྐབས་འབྱུང་འགྱུར་གྱི་སྐབས་བཞི་པའི་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་ཀྱི་ཚོགས་གཙོ་ལ་འཇར་མེན་རྒྱལ་ཁབ་ཀྱི་བྷོན་མཐོ་སློབ་(Boon University) ཏུ་བཞུགས་པའི་མཁས་དབང་ཨཅརྱ་སྐལ་བཟང་ནོར་བུ་ལགས་བདམས་ཐོན་བྱུང་ཡོད་པ་དང་། དེ་བཞིན་སྤྱི་ཁྱབ་དྲུང་ཆེ་ལ་ཉི་ཧོང་གི་བོད་རིག་པའི་ཞིབ་འཇུག་པ་Seiji KUMAGAIལགས་དང་བསྡོམས་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཚོགས་མི་དགུ་བདམས་ཐོན་བྱུང་པ་དང་། སྐབས་ཕྱི་མའི་རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་དེ་འཇར་མེན་རྒྱལ་ཁབ་ཏུ་འཚོགས་འཆར་གཏན་འཁེལ་ཡང་བྱས་སོང༌།
རྒྱལ་སྤྱིའི་བོད་རིག་པའི་གཞོན་ནུ་འདུ་ཚོགས་དེ་དག་ཕལ་ཆེར་གྱི་མཇུག་འབྲས་སུ། སྐབས་སོ་སོར་སྒྲོག་སྦྱངས་ཞུས་པའི་དཔྱད་རྩོམ་ལེགས་གྲས་རྣམས་ཕྱོགས་བསྡེབས་ཀྱིས་དེབ་གཟུགས་པར་བསྐྲུན་གནང་བཞིན་ཡོད་པ་དང་། ཚོགས་མི་ལའང་སྤྱིར་བཏང་ཚོགས་མི་དང༌། སྤྱི་ཁྱབ་དྲུང་ཆེ། ཚོགས་ཆེན་བསྡུ་སྐོང་གནང་མཁན་གྱི་གོ་སྒྲིག་ཚོགས་གཙོ། ཚོགས་པའི་ཚོགས་གཙོ་བཅས་ཡོད་པ་རེད།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག