ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> གནས་ཚུལ་འགྱུར་ལྡོག་བྱུང་བའི་བརྡ་འཕྲིན།
གནས་ཚུལ་འགྱུར་ལྡོག་བྱུང་བའི་བརྡ་འཕྲིན།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཚོགས་འདུ་བཀོད་སྒྲིག་ཚན་ཆུང་།] [ཟླ་ཚེས། 12-09-11] [ཀློག་གྲངས། ]

   ཁ་བ་གངས་ཅན་པའི་ཆབ་དཔལ་རིག་གསུམ་གྱི་རྩ་བ་གཡུང་དྲུང་བོན་གྱི་བསྟན་དོན་ལ་ལྷག་བསམ་ཆེས་ཆེར་དཀར་བའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་དང་སྐྱ་སེར་རིས་མེད་ཀྱི་གཤེན་གྲོགས་ཡོངས་ལ་སྙན་ཞུ།
   ཁྱེད་རྣམས་བསྟན་དོན་དང་འགྲོ་དོན་ལ་བྲེལ་འཚུབ་ཧ་ཅང་ཆེ་ཡང་གཡུང་དྲུང་བོན་མཉམ་འབྲེལ་མཐུན་ཚོགས་ཀྱི་སྒྲིག་ལམ་དང་དེ་བཞིན་ངེད་དགོན་གྱི་འགན་འཁྲིའི་ལས་འཆར་བཞིན་ད་ལོའི་འཐུས་མིའི་འཚོགས་ཆེན་དེ་ངེད་དགོན་དུ་འཚོགས་དགོས་པར་ཡོད་ཚད་བཀོད་སྒྲིག་བྱས་ཟིན་ནས་གདན་འདྲེན་ཞུ་ཡིག་ཕུལ་བའམ་ཁ་པར་བརྡ་འཕྲིན་སོགས་ཐབས་ཤེས་གང་ཡོད་ཀྱིས་འབྲེལ་བ་བྱས་པ་བཞིན་རྣམ་པ་ཚོ་འཚོགས་འདུར་ཕེབས་པ་ལ་གྲ་སྒྲིག་བྱེད་བཞིན་པའི་སྒང་འདིར། གློ་བུར་དུ་ང་ཚོའི་ཁོར་ཡུག་གི་གནས་བབས་དང་སྲིད་གཞུང་གི་བཀོད་སྒྲིག་སོགས་རྐྱེན་གང་མང་ཞིག་གིས་གཏན་ཁེལ་བྱས་ཟིན་པའི་དུས་ཚོད་ལ་འགྱུར་ལྡོག་བྱུང་སྟེ་དུས་ལྟར་འཚོགས་མི་ཐུབ་པས་རྣམ་པ་ཚོར་དགོངས་དག་ཞུས་པ་དང་གནས་སྐབས་སུ་ཐུགས་བྲེལ་མི་གནང་བར་ཞུ། སྤྱི་ཟླ་བཅུ་གཅིག་པ་ནས་འཚོགས་ཆོག་པའི་བཀའ་བསྒྲག་གནང་སོང་ལ། ང་ཚོས་རྣམ་པ་ཚོར་དུས་ལྟར་སྙན་ཞུ་དང་འབྲེལ་བ་བྱ་ངེས་ཡིན་པ་དེ་ལུགས་ཐུགས་འཇགས་འཚལ།

རྔ་ཡུལ་བོན་གྱི་འདུས་སྡེ་ཆེན་མོ་རྟོགས་ལྡན་དགོན་གྱི་འཚོགས་འདུ་བཀོད་སྒྲིག་ཚན་ཆུང་ནས་ཟླ་༩ཚེས༡༠ཉིན།

འབྲེལ་གཏུགས་བྱ་ཡུལ།
དྲུང་ཆེ། གདོང་བཙུན་རྒྱ་ཐར། 15983724168
དྲུང་གཞོན། རྟོགས་ལྡན་བསྐལ་ཁོ། 13547737593

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག