ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཚད་མའི་རིག་སྒྲ་ཆེན་མོའི་གནས་བསྡུས།
དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཚད་མའི་རིག་སྒྲ་ཆེན་མོའི་གནས་བསྡུས།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཁྱུང་ཁྲི་ལྡེ།] [ཟླ་ཚེས། 12-11-11] [ཀློག་གྲངས། ]

   གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་ཁྲི་བརྟན་ནོར་བུའི་རྩེ་རུ་གཞུང་ཆེན་རྣམས་ཀྱི་སྒོ་འཕར་འབྱེད་པའི་ལྡེ་མིག་འཆར་ཅན་དུ་ཚད་མའི་རིག་སྒྲ་ཆེན་མོ་ཧོར་ཟླ་བཅུ་པའི་ནང་བདུན་ཕྲག་གསུམ་གྱི་རིང་ལ་འཚོགས་ཀྱི་ཡོད་ལ།འདི་ལོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་དགོན་སྡེ་འདི་ཉིད་ཕྱག་བཏབ་ནས་མི་ལོ་ཉེར་ལྔ་འཁོར་བའི་དུས་དྲན་གྱི་མཛད་སྒོ་ཁག་དུ་མ་ཡོད་པ་རྣམས་ཐུག་ལ་ཉེ་བ་ཡོད་སྟབས་བོད་ཟླ་བཅུ་པའི་ནང་མཛད་སྒོའི་གྲ་སྒྲིག་གི་ལས་དོན་མང་བར་སོང་།བོད་ཟླ་དགུ་པའི་ནང་ཚད་མའི་རིག་སྒྲ་ཆེན་མོ་དེ་ཉིད་འཚོགས་པ་རེད།

   འདི་ལོ་གཡས་རུ་སྟོན་པ་བཅོ་བརྒྱད་ཀྱི་ནང་ཚན་བོན་གྱི་སྤྱན་ལྡན་ཆེན་མོ་འགྲོ་མགོན་བློ་གྲོས་རྒྱལ་མཚན་གྱིས་མཛད་པའི་(ཚད་མའི་སྙིང་པོ་དེ་ཁོ་ན་ཉིད་ཀུན་ལས་བཏུས་པ་རིག་པའི་གཏེར་མཛོད་ཅེས་བྱ་བ་)དེ་དཔེ་ཁྲིད་དབུ་འཛུགས་གནང་ཞིང་།དེ་བཞིན་མན་ངག་ལུང་གི་ཚད་མ།རྣམ་འབྱེད་འཕྲུལ་ལྡེ།རྗེ་ཡི་ཚད་རྣམ་འབྱེད་བཅད།ཚད་མའི་གཞུང་ཆེན་ཁག་ལ་དགག་སྒྲུབ་ཀྱི་རྩོད་སྦྱོང་མཛད།

   ཚེས་༢༦ཉིན་ཐུག་ཆེན་བརྒྱབས་ཏེ་དགོང་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེའི་ཚད་མའི་རིག་སྒྲ་ཆེན་མོ་རྒྱལ་ཁའི་ངང་ནས་མཇུག་གྲུབ་བོ།།

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག