ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> ཆ་འཕྲིན། >> སྨན་སྒྲུབ་ཆེན་མོ་འཚོགས་རྒྱུའི་གསལ་བརྡ།
སྨན་སྒྲུབ་ཆེན་མོ་འཚོགས་རྒྱུའི་གསལ་བརྡ།
[རྩོམ་གྱི་ཡོང་ཁུངས། ངེད་དྲ་བ།] [རྩོམ་པ་པོ། ཨ་དཔལ་བཟང་།] [ཟླ་ཚེས། 13-01-25] [ཀློག་གྲངས། ]


   གངས་རི་རྭ་བས་བསྐོར་བའི་ཞིང་ཁམས་ཀྱི་སངས་རྒྱས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་གྲྭ་ས་གོང་འོག་བར་གསུམ་གྱི་ནང་ཚན། སྣང་སྟོན་ཟླ་བ་རྒྱལ་མཚན་མཆོག་གི་གདན་ས་ཆེན་མོ་དཔལ་གཤེན་བསྟན་རབ་ལེགས་གཡུང་དྲུང་གླིང་གི་མཁན་རབས་བཅུ་གཅིག་པ༧མཁན་ཆེན་ཚུལ་ཁྲིམས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་གིས་སྔོན་བྱོན་གོང་མ་རྣམས་ཀྱི་ཕྱག་སྲོལ་ཇི་བཞིན་དུ་མཁན་ཆེན་རེ་རེ་ནས་སྨན་སྒྲུབ་ཆེན་མོ་རེ་འཚོགས་སྲོལ་ཡོད་པ་བཞིན་དུ། བོད་ཆུ་སྦྲུལ་ལོའི་ཟླ་དང་བོའི་ཚེས་ལྔ༼སྤྱི་ལོ་༢༠༡༣ཟླ་༢པའི་ཚེས་༡༦༽ཉིན། རྗེ་རྒྱལ་བ་སྨན་རི་བའི་དུས་མཆོད་ཆེན་མོའི་སྐབས་དང་སྦྱར་ནས་སྨན་སྒྲུབ་འཚོགས་འགོ་བརྩམས་རྒྱུ་ཡིན་པས་ཕྱོགས་དང་རིས་སུ་མ་ཆད་པའི་བོད་མདོ་དབུས་ཁམས་གསུམ་གྱི་བླ་གྲྭ་སྐྱ་སེར་རྣམས་ཕེབས་པར་དགའ་བསུ་ཞུ། །

འབྲེལ་གཏུག་ཁ་པར། ༡༨༢༨༩༠༠༦༨༦༦

དཔྱད་གཏམ།

དཔྱད་གཏམ་སྤེལ་བ།
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག