| [NO.12] སྐད་འཇོག་དུས 2010/7/11 1:49:32 དུས་གསར་བའི་འཚོ་བར་བསྟོད་ཅིང་བསྔགས།། དེང་ཚན་རིག་བློ་མིག་འཕྲུལ་བྱེད་ཀྱང་།། ང་བོད་པའི་མེས་པོའི་གློ་གྲོས་ལས།། འགོངས་མ་ཐུབ་བདག་ཡིད་ཁེངས་པས་བཟི།། ས་ྖཆེན་པོ་གོ་ལའི་ཡུལ་གྲུ་ན།། རིགས་རྣ་མངཤེས་བྱའི་ཚོགས་མང་ཡང་།། ཐར་སྡུག་བསྔལ་སེལ་མཛད་གཤེན་གྱི་བཀའ།། འགྲོ་ཀུན་གྱིས་རྟོགས་ན་ཅི་མ་རུང་།། དེང་ཆ་འཕྲིན་རིག་ལྡན་དུས་རབས་འདིར།། གཤེན་བཀའ་ལུང་རིན་ཆེན་ནོར་བུའི་གཏམ།། འགྲོས་དུས་དང་བསྟུན་ནས་བསྒྲོགས་མཛད་པའི།། བཤེས་བསྟན་རིན་བསོད་ཀྱི་འཕྲིན་ལས་྅ཆེ།། 2010/7/11 8:59:42 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་རང་ཕེབས་པ་ལ་དགའ་བསུ་ཞུ། |
| [NO.11] སྐད་འཇོག་དུས 2010/7/8 23:22:23 ངོ་བཤད་ན་ཡང་རང་དབང་གི་ཤོག་ངོས་ཤིག་རེག་སོང་། ཐུགས་རྗེ་ཆེ་། མུ་མཐུད་ནས་རྒྱུན་སྐྱོང་ཡོངག་བའི་འབོད་སྐུལ་ཡོད། ད་བད་ེ་མོ། ལས་དོན་ཡུན་གནས་ཡོང་བའི་སྨོན་འདུན་ཡོད། མི་རིང་བར་པོད་ཁུག་ཞིག་བཟོ་འུ་ཐུབ་བལྟ་རོགས་ཞུ། 2010/7/9 21:07:33 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཕེབས་པ་ལ་དགའ་བསུ་ཞུ། རེ་འདུན་དེ་འགྲུབ་པར་བརྩོན་ལེན་བྱེད་བཞིན་ཡོད། |
| [NO.10] སྐད་འཇོག་དུས 2010/7/8 19:56:47 རྒྱང་རིང་ཁ་བའི་རི་ཚོམས་འགྲིག་པའི་ཧི་མ་ལ་ཡའི་འདབ་རོལ་ནས། ། ཡུན་རིང་ངོ་མཚར་ལོ་རྒྱུས་ལྡན་པའི་གངས་ཅན་བོད་མིའི་ཕ་ནོར་ཆེ། ། དེ་རིང་སང་གི་དངོས་ཚན་རིག་པའི་འཛམ་གླིང་ཤེས་བྱའི་ལམ་ཡངས་སུ། ། རྒྱུན་རིང་མི་ནུབ་སྲིད་མཐའི་བར་དུ་གཡུང་དྲུང་བོན་བསྟན་རྒྱས་པར་སྨོན། ། 2010/7/8 20:11:08 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཕེབས་པ་ལ་དགའ་བསུ་ཞུ། |
| [NO.9] སྐད་འཇོག་དུས 2010/7/8 16:06:28 ལས་དོན་འདིར་སྙིང་དབུས་ནས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབ་གཅིག་ལས་དོན་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཡོང་བའི་སྨོན་འདུན་ཞུའོ། ། དྲ་ཚིགས་འདི་ལྟ་བར་གློག་ཀླད་དུ་ཧི་གཟུགས་ཡོད་པ་དག་ལས་གཞན་པ་རྣམས་ནས་ཤར་མི་ཐུབ་པའི་སྐྱོན་ཞིག་འདུག་པས་ད་དུང་དྲ་ཚིགས་བཟོ་མཁན་ལ་བཟོ་བཅོས་དགོས་པའི་རེ་བ་འདོན་དགོས།སྨར་རོ། ། 2010/7/8 18:08:27 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། དགེ་སྐྱོན་ཐད་ལྟ་ཚུལ་བརྗོད་པ་ལ་བཀའ་དྲིན་ཆེ། གནད་དོན་དེ་ད་ལྟ་ཐག་གཅོད་བཞིན་པའི་སྒང་ཡིན། |
| [NO.8] སྐད་འཇོག་དུས 2010/7/7 9:16:02 འདི་ནི་དྲ་རྒྱའི་མཁའ་ལ་བཞད་པའི་སྔོན་མེད་འཇའ་ཡི་གུར་ཁྱིམ་སྟེ།། འདི་ནི་འཕྲུལ་ངག་བདེན་པ་སྒྲོག་པའི་སྙན་འཇེབས་དུང་གི་སྒྲ་དབྱངས་ལགས།། འདི་ནི་བསྟན་པའི་ཆེ་བ་གསལ་བའི་དྭངས་གཙང་ཤེལ་གྱི་གྱི་མ་ལོང་ངམ།། འདི་ནི་མི་རིགས་སྐད་ཡིག་འཛིན་ལ་བསམ་བཞིན་བསླངས་པའི་རྡོ་རིང་ལགས།། 2010/7/7 10:43:47 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་རྣམས་དུས་རྒྱུན་ཕེབས་པ་ལ་དགའ་བསུ་ཞུ་བཞིན་ཡོད། |
| [NO.7] སྐད་འཇོག་དུས 2010/7/7 1:22:36 གཙོ་སྒྲུབ་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུ། 2010/7/7 11:38:59 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་རང་ཕེབས་པ་ལ་དགའ་བསུ་ཞུ། |
| [NO.6] སྐད་འཇོག་དུས 2010/7/6 20:37:54 བཀྲ་ཤིས་བདེ་ལེགས་ཞུ། 2010/7/6 21:13:13 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་རང་ཕེབས་པ་ལ་དགའ་བསུ་ཞུ། |
| [NO.5] སྐད་འཇོག་དུས 2010/7/6 14:02:18 ཇོ་མོ་ལྷ་རི་ནི་བོད་རྩམ་གཟན་ཡོངས་ཀྱི་བླ་རི་རེད། བོད་རྩམ་གཟན་ཡོངས་ཀྱིས་རང་གི་རིག་གཞུང་ལ་གཅེས་སྐྱོང་བྱས་ན་གཞི་ནས་ཡར་ཐོན་ཡོད་པ་རེད། དྲ་བ་འདི་འདྲ་ལེགས་པོ་ཞིག་བསྒྲུབ་པར་རྟེན་འབྲེལ་ཞུ། 2010/7/6 16:09:44 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། དུས་རྒྱུན་ཕེབས་པར་དགའ་བསུ་ཞུ། |
| [NO.4] སྐད་འཇོག་དུས 2010/7/6 11:22:08 ༄༅། །ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་འགན་འཛིན་ལྷན་རྒྱས་ཡོངས་ལ་ཞུ་རྒྱུར། ང་ཚོ་གངས་ཅན་པའི་བོད་ཀྱི་ཤེས་རིག་སྤྱི་དང་། ལྷག་པར་དུ་བོན་ཤེས་རིག་གི་ ཞིབ་འཇུག་གཏིང་ཟབ་དང་། སྔོག་འདོན། འཕེལ་རྒྱས་སུ་གཏོང་བ་ལ་དུས་ཀྱི་འགྲོས་ དང་མཐུན་པའི་དྲ་ཚིགས་རིག་གནས་ནི་ཇི་འདྲའི་མཁོ་གལ་ཆེ་བ་ཞིག་ཡིན་པས། ཁྱེད་འགན་ འཛིན་ལྷན་རྒྱས་ཡོངས་ནས་ལྷག་བསམ་དང་། སྤོབས་པས་གཏམས་པའི་ཧི་མ་ལ་ཡའི་བོན་ དྲ་ཚིགས་ཉིད་ཆ་འཕྲིན་གྱི་སའི་གོ་ལའི་གྲོང་སྡེ་འདིར་སྤེལ་བ་ལ། བོད་གངས་ཅན་གྱི་རིག་ གནས་འདི་ཉིད་དར་སྤེལ་དང་། དྲིལ་སྒྲོག ཞིབ་འཇུག་གི་ནུས་པ་མི་དམན་པ་ཞིག་ཡོད་པས་ གུས་པོའི་རྗེས་སུ་ཡི་རང་དང་། རྟེན་འབྲེལ་ཆེས་ཆེར་ཞུ་བ་ལགས། ཁྲི་ཤར་བསོད་ཚེ་ནས་ཟླ་ཚེས་བཟང་བོར་གུས་ཕུལ། 2010/7/6 16:08:34 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཕེབས་པར་དགའ་བསུ་ཞུ། |
| [NO.3] སྐད་འཇོག་དུས 2010/7/5 23:48:35 ཧི་མ་ལ་ཡའི་ཁོང་གསེང་ནས་འཛུམ་པའི་སངས་རྒྱས་གཡུང་དྲུང་བོན་གྱི་དྲ་ཚིགས་གསར་བ་འདི་ཉིད་ལེགས་འགྲུབ་བྱུང་བར་སྙིང་ཐག་པ་ནས་བཀྲ་ཤིས་རྟེན་འབྲེལ་ཞུ། 2010/7/7 10:45:06 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་རང་ཕེབས་པ་ལ་དགའ་བསུ་ཞུ་བཞིན་ཡོད། |
| [NO.2] སྐད་འཇོག་དུས 2010/7/5 7:29:32 གོ་ལའི་གཙུག་ཕུད་ཧི་མ་ལ་ཡའི་རྒྱན།། མེས་པོའི་གཅེས་ནོར་འཕྲུལ་ངག་བོན་གྱི་གཏེར།། དེང་རབས་དྲ་བའི་ལམ་ནས་བརྡོལ་བའི་སྐབས།། དགའ་སྤྲོའི་སྣང་བ་འབུམ་གྱི་མཆོད་སྤྲིན་བསྟར།། 2010/7/5 15:32:32 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། སྐུ་ཉིད་ནས་རྒྱབ་སྐྱོར་གནང་བར་སྙིང་དགའ་བསུ་དང་བཀའ་དྲིན་ཆེ་ཞུའོ། ། |
| [NO.1] སྐད་འཇོག་དུས 2010/7/4 19:20:10 རོབ་ཙམ་བལྟས་ཟིན་པ་ཡིན། བཀྲ་ཤིས་བདེ་ལེགས་ཀྱིས་རྟེན་འབྲེལ་ཞུ། 2010/7/5 2:05:44 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། སླད་མར་མུ་མཐུད་དུ་གཟིགས་ཕེབས་གནང་སྟེ་དགེ་སྐྱོན་གནང་བར་དགའ་བསུ་ཞུ། |