| [NO.34] སྐད་འཇོག་དུས 2010/10/5 15:37:34 ཧི་མ་ལ་ཡའི་བོན་དྲ་ཚིགས་རྩོམ་སྒྲིག་རྣམ་པ་གསུམ་ལ་འཚམས་འདྲི་དང་། བཀྲ་ཤིས་བདེ་ལེགས་ཞུ༐༐ྊྊྊ࿏༏༏། མ་འོང་པར་དྲ་ཚིགས་འདིའི་ནངཁྱེད་རྣམ་གྱི་རིས་སུ་མ་ཆད་པའི་བོན་གྱི་གནས་ཚུལ་དང་། རང་ཡུལ་དང་རང་དགོན་གྱི་ཕྱོགས་སུ་མ་ཞེན་པར། བོན་དགོན་ཆེ་ཆུང་ཀུན་གྱི་གནས་ཚུལ་འགོད་ཐུབ་རྒྱུའི་རེ་བ་དང་ཡིད་ཆེས་ཡོད། སླད་མར་བོན་བསྟན་སྤྱི་ལ་ལྷག་བསམ་གྱིས་བྱ་བ་རླབས་པོ་ཆེའི་མཛད་པ་ ཡར་ཟླ་བཞིན་དུ་རྒྱས་པའི་སྨོན་མདུན་དང་བཅས། རྟོགས་གྲྭ་སྙན་གྲགས་ནས། 2010/10/5 21:44:39 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། སྐུ་ཉིད་ནས་རེ་བ་བཏོན་པ་བཞིན་ང་ཚོས་ཀྱང་གང་ཐུབ་ཀྱིས་ཕྱོགས་དང་རིས་སུ་མ་ཆད་པའི་སྒོ་ནས་རྩོམ་ཡིག་སོགས་སྤེལ་བཞིན་ཡོད་ལགས། |
| [NO.33] སྐད་འཇོག་དུས 2010/10/4 11:19:25 ཧི་མ་ལ་ཡའི་བོན་ཞེས་པའི་དྲ་ཚིགས་གཙོ་སྐྱོང་པ་རྣམ་གསུམ་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ༐༐ྊྊྊ࿏༏༏། ཁྱེད་རྣམ་པས་ལྷག་བསམ་རྣམ་དག་གིས་ཕྱོགས་རིས་ཀྱི་དྲི་མ་རིང་དུ་དོར་ཏེ་དངོས་གནས་གཡུང་དྲུང་བོན་གྱི་དྲ་ཚིགས་འདི་འདྲ་ཞིག་གཅེས་ཉར་གནང་བར་ཁོ་བོས་ལྷག་བསམ་རྣམ་པར་དག་པས་གུས་པ་དང་རྗེས་སུ་ཡི་རངས་ཀྱིས་རྒྱབ་སྐྱོར་ཡོད། བཀྲ་ཤིས་བདེ་ལེགས། ཁྲི་གཡུང་དྲུང་གིས་བོན་སྒོ་རྩོམ་སྒྲིག་ཁང་ནས། ༐༐࿌༐༐࿌༐༐༐࿌ 2010/10/4 20:50:35 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། བོན་སྒོ་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་མར་ནང་ཚང་ལགས་ནས་ངེད་དྲ་བར་རྟེན་འབྲེལ་གྱི་ཁ་གཡང་སྒྲོན་པར་སྙིང་ནས་བཀའ་དྲིན་ཆེ་ཞུ། ཁྱེད་བོན་སྒོ་རྩོམ་སྒྲིག་ཁང་ནས་མུ་མཐུད་ནས་ངེད་དྲ་བར་ཕྱོགས་གང་ཐད་ནས་རྒྱབ་སྐྱོར་དང་རོགས་རམ་སོགས་གནང་བར་སྐུ་དྲིན་ཆེ་ཞུ། |
| [NO.32] སྐད་འཇོག་དུས 2010/9/28 16:54:56 叼扳邦︽宝︽邓︽搬︽搬泵办︽搬︽敞爸︽编︽得爸︽办︽翟搬﹀ 成爸︽典︽邦︽办︽懂爸︽得爸︽陛爸︽陛爸︽编邦︽栋︽办扳︽伴彪扳︽斑敌︽炒︽地爸︽﹀伴刀稗︽扳敌︽曹爸︽扳车罢︽摆扳邦︽靛爸︽粹︽豺罢︽编︽伴捣扳︽扳拜爸邦︽瓣办︽搬敌︽炒︽地爸﹀ 彬︽尘罢︽办︽叼扳邦︽宝︽邓︽搬︽搬泵办︽搬︽敞爸︽编︽得爸︽办︽翟搬︽财爸︽﹀扳霸伴︽拜垂爸邦︽稗︽涤拜︽池爸︽伴闯︽伴吵︽搬卞︽搬敌︽柄︽泵半︽档罢邦︽宝邦︽脆罢︽残︽搬的半︽财爸︽垫搬︽吹半︽搬垫扳︽吵邦﹀爸敌︽锤爸︽闭罢︽敞拜︽宝︽扳档︽惭稗︽城罢︽搬擦办︽罢吵爸︽搬邦︽扯罢︽拆︽搬碧扳邦︽得爸︽﹀翠︽爸稗︽弟搬邦︽床爸︽扳霸伴︽蒂︽伴串﹀ 翟稗︽稗︽瓣爸︽﹀彼︽扳败半︽伴蚕︽搬︽呈︽衬罢︽粹拜︽宝︽惨邦︽册拜︽财罢︽翟稗︽般︽稗﹀炒︽呈︽雌邦︽脆︽超爸邦︽搬敌︽车稗︽锤︽得罢︽脆稗︽淬拜﹀涤稗︽饱爸︽﹀闭爸︽编邦︽搬扮罢︽斑敌︽扳板拜︽糙︽拜爸︽﹀揣拜︽斑敌︽乘邦︽斑︽雕俺︽罢爸︽办︽搬邦扳︽蒂爸︽闭爸︽伴扯︽搬敌︽搬邦扳︽雌敌︽电邦︽颤俺︽白稗︽靛稗︽拆︽拜堡稗︽办﹀冬罢︽斑半︽兵办︽搬︽扳摆扳︽粹拜︽绰︽扳敌︽搬长稗︽斑敌︽扳蹈邦︽斑︽ 钓罢︽拆︽搬等爸︽稗邦︽秤扳︽拜罢︽编︽叼扳邦︽斑邦︽刁︽的︽舶搬邦︽扳霸稗︽卞︽扳层稗︽罢靛邦︽白稗︽炒︽搬邦︽饱爸︽拜堡稗︽传半﹀ 爸敌︽敞爸︽池爸︽编︽档半︽搬︽炒︽叼扳邦︽搬邦扳︽斑敌︽罢诧爸︽稗邦︽彼邦︽靛爸︽﹀碧︽罢吵爸︽编︽城罢︽嫡邦︽宝邦︽叼扳邦︽斑︽缠罢︽拆︽扳稗半︽伴吵罢 炒︽搬邦︽辟拜︽册拜︽电邦︽半搬︽锤扳邦︽扳敌︽得爸︽霸扳邦︽稗邦︽伴灿罢︽阐稗︽罢吵办︽锤敌︽扳便稗︽吵︽醇稗︽ 财罢︽报﹀ 踩邦︽采罢︽典︽秤扳︽兵办︽搬邦扳︽罢佰稗︽憋爸︽编︽顶︽垫办︽搬长稗︽遍罢邦︽宝邦︽拜扁︽搬敌︽搬电邦︽罢层稗︽惭稗︽冲︽必爸︽拜坝半︽邓︽搬︽搬长稗︽伴刀稗︽ 拜便爸邦︽斑︽捶稗︽拜垂爸邦︽碉︽罢电罢邦︽斑敌︽罢佰扳︽超邦︽糙邦﹀ 笆耙吧耙典敌︽邓把荡邦笆跋办︽淳邦﹀ 2010/9/28 18:04:42 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་ཁྱེད་ནས་ཧི་གཟུགས་ལམ་ནས་སྐད་འཇོག་རོགས་གནང་བར་ཞུ། |
| [NO.30] སྐད་འཇོག་དུས 2010/9/22 16:37:33 ཁྱེད་ཅག་ཧི་མ་ལ་ཡའི་བོན་དྲ་ཚིགས་ཤར་གཏོང་བྱས་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་འདྲི་རྒྱུ་ཞིག་ཡོད་པ་ནི་དྲ་ཚིགས་འདིར་ཡིག་ཆའི་དོ་དམ་མ་ལག་གང་ཞིག་སྤྱད་ཡོད་པ་དང་དེའི་ཕབ་ལེན་དྲ་གནས་གང་ཡིན་པའི་ལན་ཞིག་གསུངས་རོགས་གནོངས། 2010/9/22 21:37:07 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་པོ་ལགས། གཟིགས་ཕེབས་གནང་བར་དགའ་བསུ་ཞུ། དྲ་ཚིགས་འདི་ཉིད་ཀྱི་ལག་རྩལ་བ་དང་དྲ་གནས་དོ་དམ་ལས་ཁུངས་སོགས་ནི་བོད་ཀྱི་ཆ་འཕྲིན་ལག་རྩལ་ལྟེ་གནས་ཚང་རེད་ལགས། བཀའ་དྲིན་ཆེ། |
| [NO.28] སྐད་འཇོག་དུས 2010/9/4 11:11:54 གནའ་བོའི་ཀེ་རི་སི་ལ་གདམས་ངག་རྩིས་པོ་ཆེ་གཉིས་ཡོད་དེ། གཅིག་ནི༼དོན་གང་ཡང་ཚད་ལས་མི་འདའ་བ་གལ༽ཞེས་པ་དང་། ཅིག་ཤོས་ནི་༼རང་གིས་རང་ངོ་གསལ་པོར་ཟིན་དགོས་སོ༽ཞེས་པ་རེད། བོད་ཀྱིས་བོད་ངོ་ཟིན་པ་ལ་བོན་ཤེས་དགོས་པ་རེད། དེ་ཡང་སངས་རྒྱས་ཆོས་ལུགས་ཀྱི་ཤན་ཤུགས་མ་ཐེབས་གོང་གི་གནས་ཚུལ་ཤེས་དགོས་པ་ལ་ཐུག་འདུག་སྙམས། རྒྱུ་མཚན་དེའི་ཕྱིར་ན། ཁྱེད་ཅག་རྣམས་ཀྱིས་དེ་རིགས་ཀྱི་དཔེ་རྙིང་དཀོན་པོ་ངེས་དོན་གྱི་རིན་ཐང྄་ལྡན་པ་དག་དྲ་ངོས་འགོད་རྒྱུའི་རེ་ཤིན་ཏུ་རབ་ཏུ་ཆེའོ།། ཐུགས་རྗེ་ཆེ། 2010/9/4 17:43:22 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། འོ་ལགས་སོ། སྐུ་ཉིད་ཕེབས་པར་དགའ་བསུ་ཞུ། གཞན་སྐུ་ཉིད་ཀྱིས་གསུངས་པ་བཞིན་དུ་ང་ཚོས་གང་ཐུབ་བྱེད་ངེས་ཡིན་ལགས། མུ་མཐུད་ནས་གཟིགས་ཕེབས་གནང་བར་དགའ་བསུ་ཞུ། |
| [NO.27] སྐད་འཇོག་དུས 2010/9/3 22:38:44 ཧི་མ་ལ་ཡའི་སྙིང་ཁོང་གསེབ་ནས་མཚར་མཚར་བོན་གྱི་ཉི་མ་ཤར། ། ཚན་རྩལ་འཕྲུལ་གྱི་རྩེད་འཇོའི་ ཀློང་ནས་དྭངས་དྭངས་ཤེས་རིག་ཆུ་མིག་བརྡོལ། ། ལོ་ངོ་སྟོང་གི་བདེན་པ་བརྡར་བའི་མཛེས་མཛེས་སྐྱེད་ཚལ་འཁྲུངས་པ་ལ། ། གང་ཞིག་དྲ་འདིར་སྒོ་གསུམ་དག་པས་དགའ་དགའ་དགའ་བས་རྟེན་འབྲེལ་ཞུ། ། ༢༠༡༠ལོའི་སྤྱི་ཟླ་༨པའི་ཚེས་༣ཉིན ནུབ་བྱང་མི་རིགས་སློབ་གླིང་ནས། 2010/9/4 13:59:29 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་རང་ཕེབས་པ་ལ་རྟེན་འབྲེལ་ཞུ། ཡང་ཡང་ཕེབས་པའི་རེ་བ་ཡོད། |
| [NO.26] སྐད་འཇོག་དུས 2010/8/27 10:01:41 གྲོགས་རིན་སྤུངས་ཚུལ་བསྟན་ལགས་ནས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་གཞི་རྒྱ་ཆེན་པོ་འདི་འདྲ་ཞིག་བསྒྲུབས་པར་དགའ་བསུ་ཡི་རངས་ཞུ། སླད་ཕྱིན་མུ་ནས་གཏིང་ཟབ་དུ་དང་རྒྱ་ཆེ་རུ་འགྲོ་བའི་སྨོན་འདུན་ཞུ། ཡོན་ཏན་ནས་ཕུལ། ། 2010/8/27 14:18:15 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་པོ་ལགས། ངེད་དྲ་བར་གཟིགས་ཕེབས་གནང་བར་དགའ་བསུ་ཞུ་ཞུ། སྐུ་ཉིད་མུ་མཐུད་ནས་ཕེབས་པར་དགའ་བསུ་ཡོད། |
| [NO.25] སྐད་འཇོག་དུས 2010/8/12 19:31:07 སྨན་རིའི་དཔོན་སློན་འཕྲིན་ལས་ཉི་མ་རིན་པོ་ཆེའི་སྒེར་གཉེར་དྲ་བ། (རྫོགས་ཆེན་འོད་གསལ་གླིང་།) http://www.dzogchenwl.org/ 2010/8/13 18:36:07 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། འོ་ལགས་སོ། བཀའ་དྲིན་ཆེ། |
| [NO.24] སྐད་འཇོག་དུས 2010/8/9 20:52:39 ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་གཙོ་སྒྲུབ་པ་རྣམས་ལ་འདི་འདྲའི་དོན་སྙིང་ལྡན་ཞིང་ཞིབ་ཆ་ལྡན་པའི་བོན་གཞུང་དྲ་ཚིགས་ཞིག་བསྒྲུབས་པར་བདག་གིས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན། འོན་ཀྱང་མ་འོངས་བའི་བྱ་བཞག་ནི་སྔར་ལས་དཀའ་ངལ་ཆེ་ཞིང་ལས་ལྕི་བ་ཞིག་ཡིན་པས་ཁྱེད་བོན་གྱི་གཙོ་འཛིན་པ་རྣམ་པས་ཐུན་སྒྲིལ་གྱི་ལག་ཟུང་དམ་དུ་སྦྲེལ་ནས་བོན་གྱི་བསྟན་པ་ཉིན་རེ་བཞིན་རྒྱས་པར་འགྱུར་འབད་བརྩོན་ལྷོད་མེད་བྱ་བར་མཁྱེན།། མཐར་ཁྱེད་རྣམས་ཀྱི་སྐུ་ཚེ་ཡུན་རིང་དུ་བརྟན་ཅིང་བསམ་དོན་ཡིད་བཞིན་འགྲུབ་པར་བཀྲ་ཤིས་སྨོན་འདུན་ཞུ། ཞེས་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་གྲོགས་ གཡུང་དྲུང་ཚེ་བརྟན་ནས་འཕུལ།། 2010/8/12 18:19:02 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། དྲ་ཚིགས་འདིར་གདེང་འཇོག་གནང་བར་བཀའ་དྲིན་ཆེ། སླད་མར་ཡང་ཡང་ཕེབས་པའི་རེ་བ་ཡོད། |
| [NO.23] སྐད་འཇོག་དུས 2010/8/9 1:11:41 ཧི་མ་ལ་ཡི་བོན་གྱི་དྲ་ཚིག་རྩོམ་སྒྲིག་པ་ལགས་སུ་ཞུ་གསོལ། ཉེ་ཆར་དྲ་ངོས་སུ་{བོད་ནང་གི་བོན་དགོན་གཙོ་ཁག་གི་བྱུང་རིམ་མདོར་བསྡུས།} ཞེས་པའི་རྩོམ་ཡིག་ཞིག་བཀོད་འདུག་ཀྱང་། བདག་གིས་ཁྱེད་རྣམས་ཀྱིས་རྩོམ་དེ་གང་ནས་བཏོན་མ་ཤེས་ཀྱང་རྩོམ་དེའི་རྩོམ་པ་པོ་ནི་སྨན་རིའི་དགེ་བཤེས་འོད་ཟེར་རྒྱལ་མཚན་ལགས་རེད། རྩོམ་དེ་གཡུང་དྲུང་བོན་གྱི་བགྲོ་གླེང་ཞིག་གི་སྟེང་དུ་བརྗོད་གཞི་བྱས་མྱངས་བ་ཞིག་རེད་ཞུ། 2010/8/12 18:21:03 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། སྐུ་ཉིད་ནས་གསལ་འདེབས་གནང་བར་བཀའ་དྲིན་ཆེ། དེ་ལྟར་བཟོ་བཅོས་བྱེད་ངེས་ཡིན། |
| [NO.22] སྐད་འཇོག་དུས 2010/7/28 7:14:33 གནས་མཆོག་ཧ་མ་ལ་ཡི་ཡང་རྩེ་ནས།། ལེགས་པར་བཞུས་པའི་ཆབ་རྒྱུན་བསིལ་མ་འདི།། རང་རེའི་གསོས་སུ་ལེགས་པའི་བསྐྱིལ་བའི་མཐུས།། ཤེས་རིག་ཕུན་ཚོགས་འདོད་དགུའི་དཔལ་འབར་ཤོག། 2010/7/28 11:34:24 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། བཀའ་དྲིན་ཆེ། |
| [NO.21] སྐད་འཇོག་དུས 2010/7/28 7:10:28 ལྷན་རྒྱས་ལགས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་བ་ཡིན། 2010/7/28 7:55:00 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཡང་ཡང་ཕེབས་པའི་རེ་བ་ཡོད། |
| [NO.20] སྐད་འཇོག་དུས 2010/7/26 17:00:02 དྲ་ཚིགས་གཙོ་སྒྲུབ་མཁན་དག་གིས་འདིོ་ལྟ་བུའི་བོན་གྱི་དྲ་ཚིགས་སྣ་འཛོམས་ཤིག་སྒྲུབ་པ་ལ་ཞེ་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལགས། སྦྲ་སར་ཤེས་རབ་དབང་གྲགས་ནས། 2010/7/26 17:07:28 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་རང་ཕེབས་པ་ལ་ཡང་རྟེན་འབྲེལ་ཞུ། སླད་མར་ཡང་ཡང་ཕེབས་པའི་རེ་བ་ཡོད། |
| [NO.19] སྐད་འཇོག་དུས 2010/7/22 12:26:08 རྒྱུ་རྐྱེན་གང་མང་ཞིག་གི་འོག་ནས་དེ་རིང་བར་དྲ་ཚིགས་ཀྱི་ཁ་ཡང་འབྱེད་མ་ཐུབ་ལ། དེ་རིང་འདི་ལྟར་འཇལ་བྱུང་བས་ཚོར་སྣང་སྐྱིད་པོ་ཞིག་དང་། བརྗོད་མི་ཤེས་པའི་སྤྲོ་བ་ཟབ་མོ་ཞིག་གི་ཁྲོད་ནས་བསམ་དོན་ལྷུན་འགྲུབ་ཞེས་སེམས་ཁོང་ནས་དབང་མེད་དུ་ཤོར་ཐ། ཁྱེད་ཚོ་ལ་དངོས་ནས་བཀྲ་ཤིས་བདེ་ལེགས་ཞུ། ། 2010/7/24 15:14:57 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་རང་ཕེབས་པ་ལ་ཡང་བཀྲ་ཤིས་བདེ་ལེགས་ཞུ། |
| [NO.18] སྐད་འཇོག་དུས 2010/7/22 10:20:21 ཧི་མ་ལ་ཡའི་བོན་དྲ་ཚིགས་འདི་ཉིད་མཐོང་བས་སྙིང་ཐག་པ་ནས་ཁྱེད་ཅག་ལ་ཡིད་རང་ཞུ། མ་འོང་པར་དྲ་ཚིགས་འདི་ཉིད་ནང་རིས་སུ་མ་ཆད་པའི་བོན་གྱི་གནས་ཚུལ་དང་། བོན་དགོན་ཆེ་ཕྲ་ཀུན་གྱི་གནས་ཚུལ་འགོད་ཐུབ་རྒྱུའི་རེ་བ་ཡོད། བཀྲ་ཤིས་བདེ་ལེགས། ཁ་དྲོ།། ཁྱུང་དཀར་བརྩོན་མིང་པས། 2010/7/24 15:16:16 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཕེབས་པར་དགའ་བསུ་ཞུ། རེ་བཞག་དེ་ལྟར་འགྲུབ་པར་ནམ་ཡང་བརྩོན་ལེན་བྱེད་བཞིན་ཡོད། |
| [NO.17] སྐད་འཇོག་དུས 2010/7/20 22:40:02 ད་ལྟ་ཁྱེད་གང་ན་ཡོད། 2010/7/20 22:41:30 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། བདེ་མོ་ཡིན། ང་བླ་བྲང་ན་ཡོད། |
| [NO.16] སྐད་འཇོག་དུས 2010/7/18 7:16:40 ཧི་མ་ལ་ཡའི་བོན་གྱི་དྲ་བ་ལགས། ཁྱེད་ཚོའི་དཀའ་ལས་མ་འཛེམས་པར་སྒྲུབ་པ་འདི་ནི་རྗེས་སུ་ཡི་རང་བྱེད་དགོས། 2010/7/20 0:05:15 དོ་དམ་པ himalayabon ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་ནས་ཡིད་རངས་ཕུལ་བ་བཀའ་དྲིན་ཆེ། |
| [NO.15] སྐད་འཇོག་དུས 2010/7/14 16:44:11 ཧི་མ་ལ་ཡའི་བོན་གྱི་དྲ་བ་ལགས། ཁྱེད་ཚོའི་དཀའ་ལས་ཁྲི་ཁྲག་རྒྱབ་ཏུ་སྐྱུར་ནས་ཁ་བའི་ལྗོངས་ལ་སྒྮྲོན་མེའི་བཞིན་དུ་འོད་ལ་འོད་ཚེར་ཏུ་འཇུག་པ་འདི་ནི་རྗེས་སུ་ཡི་རང་བྱེད་དགོས། |
| [NO.14] སྐད་འཇོག་དུས 2010/7/11 17:46:35 བོན་གྱི་དགོན་པ་ཆེ་མ་ཆུང་གསུམ་གྱི་ལོ་རྒྱུས་དང་ད་ལྟའི་གནས་བབ། འདྲ་པར་བཅས་གསལ་བོར་འགོད་དགོས། དགོན་པ་ལའང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས། དགོན་པའི་གྲྭ་བ་དང་དད་ལྡན་པ། དེ་མིན་དེ་ལ་དོ་སྣང་བྱེད་མཁན་གྱི་མི་རྣམས་ཕན་ཚུན་ལ་གནས་མཇལ་ལ་འགྲོ་དགོས། རང་ཡུལ་དང་རང་དགོན་སྲུང་ནས་འདུག་པའམ་ཡང་ན་མགོ་བོ་རེ་གཏུག་ནས་ཆོག་པ་བྱེད་པའི་གོམས་སྲོལ་དོར་དགོས། |
| [NO.13] སྐད་འཇོག་དུས 2010/7/11 9:37:57 ཞོགས་པ་དམིགས་ཡུལ་ངེས་མེད་ཀྱི་དྲ་ཐོག་ལ་འཁྱམ་པའི་སྐབས་གློ་བུར་དུ་དྲ་ཚིགས་འདི་མིག་ལམ་དུ་འཆར་བྱུང་བས་སེམས་ལ་དགའ་བའི་སྤུ་ལོང་རབ་ཏུ་གཡོ་ ཁྱེད་རྣམས་པས་སྐུ་ངལ་ལ་མ་འཛེམ་པར་དྲ་ཚིགས་འདི་ལྟ་བུ་ཞིག་འཛུགས་གནང་བར་སྙིང་དབུས་ནས་དཀའ་དྲིན་ཆེ་ཞུ་རྒྱུ་དང་སྒྲགས་བཀྲིས་བདེ་ལེགས་ཞུའོ། 2010/7/11 10:31:02 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཞོགས་པ་བདེ་ལེགས། དུས་རྒྱུན་སྐུ་མགྲོན་དུ་ཕེབས་པར་དགའ་བསུ་ཞུ་བཞིན་ཡོད། |