ད་ལྟ་ཁྱེད་ཀྱི་གནས་ཡུལ་ནི། - ཧི་མ་ལ་ཡའི་བོན། >> སྐད་འཇོག་ས།
发表留言    浏览留言
1921 ...‹‹678910››
ཁ་བྱང:སྨོན་ཚིག
  • རུས་མིང:སྤུ་རྒྱལ་བ་གཡུང་དྲུང་དོན་ལྡན
  • E-mail:yung_tboy4ever@yahoo.com
  • IPས་གནས:113.199.153.101
[NO.59] སྐད་འཇོག་དུས 2010/12/18 0:46:03
ཧེ་མ་ལ་ཡའི་བོན་དྲྭ་ཚིག་འདེར་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་གཉེར་བཞིན་པའི་ཤེས་ལྡན་པ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་         ཁྱབ་སྤེལ་འགྲོ་བཞིན་པའི་ཧེ་མ་ལ་ཡ་ཞེས་པའི་གྲགས་ཆེན་གྱི་དྲྭ་ཚིག་འདི་ཡང་    བོན་གྱི་སྐོར་ལ་ཤེས་འདོད་པ་དང་རྟོགས་དགོས་པ་རྣམ་ལ་མཚོན་ན་མེད་དུ་མི་རུང་བའི་གཏེར་མཛོད་ཞིག་ཡིན་པ་སྨྲ་ཅི་དགོས་     དེའི་ཕྱེར་དྲྭ་ཚིག་ནམ་ཡང་གནས་ཡར་སྨོན་སྨོན་
2010/12/18 12:14:26 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
སྤུ་རྒྱལ་བ་གཡུང་དྲུང་དོན་ལྡན་ལགས།  
ཁྱེད་ཀྱི་ཁ་གཡང་དྲོན་མོ་ལྷན་དུ་ང་ཚོ་ཐུན་མོང་ལ་དབང་བའི་དྲ་བ་འདི་སྤུས་གཙང་གི་སྒོ་ནས་འཕེལ་རྒྱས་དང་ཡུན་རིང་དུ་བརྟན་ཐུབ་པར་ཐུབ་པར་སྨོན།
ཁ་བྱང:དྲི་བ།
  • རུས་མིང:རིན་ཆེན།
  • E-mail:1260088475@qq.com
  • IPས་གནས:61.178.231.59
[NO.58] སྐད་འཇོག་དུས 2010/12/4 14:37:40
ཤ་ཞེན་གྱི་ལྷག་བསམ་གངས་དཀར་གྱི་མདངས་སུ་འཁུ་བའི་ཧི་མ་ལ་ཡའི་བོན་གྱི་བརྩེ་ལྡན་དྮྲ་གྲོགས་རྣམ་པ།  
                                                                                 ཁྱེད་རྣམས་པའི་སྐུ་ཁམས་བཟང་།
      དེང་སང་གི་སློབ་གྲྭ་བའམ་སྨྱུག་ཐོགས་པ་མང་པོས།  སངས་རྒྱས་ཤྰཀྱ་ཐུབ་པ་དང་བོན་གྱི་སྟོན་པ་གཤེན་རབས་མི་བོ་ཆེ་ཟུང་མི་གཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་འདུག་པས།  ཁྱེད་རྣམས་པས་ཁོང་གཉིས་མི་གཅིག་མིན་པའི་རྒྱུ་མཚན་ནམ་སྒྲུབ་བྱེད་གཙོ་བོ་འགའ་དྲངས་རྒྱུའི་རེ་འདུན་ཞུ།།
                                                                      ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སློབ་མ་རིན་ཆེན་ནས། 
                                                                                                 ༢༠༡༠ལོའི་ཟླ་༡༢པའི་ཚེས་༣ཉིན།
2010/12/4 17:30:04 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
དེ་འདྲ་མ་རེད།
གང་ཡིན་ཟེར་ན། ཁོང་གཉིས་འཁྲུངས་པའི་དུས་དང་ཡུལ་སོགས་དང་། དེ་བཞིན་ཁོང་གཉིས་ཀྱིས་མཛད་པའི་བཀའ་སོགས་ཀྱང་མི་འདྲ་རེད།
ད་དུང་དྲ་གྲོགས་གཞན་དག་གིས་ཁྱེད་ལ་དེ་ལས་ཀྱང་ཁྱད་ཡོད་མེད་གསལ་བོ་ཞིག་གསུངས་རྒྱུའི་རེ་བ་ཆེ།
ཁ་བྱང:藏传佛教活佛转世制度到底始自哪个教派?
  • རུས་མིང:闹久次仁
  • E-mail:naojiucili@163.com
  • IPས་གནས:221.236.245.3
[NO.57] སྐད་འཇོག་དུས 2010/12/2 16:54:55
各位老师好!我是一名学生,我在很多地方看到或听到说藏传佛教活佛转世制度始于噶玛派(大家都知道噶玛巴已是17世,比班禅、达赖两位喇嘛都转世历史悠久),但是我拜过或知道的一些苯教活佛有二十或三十几世的,我不懂人们为什么说转世制度始自噶玛派,而不是苯教、、、、、、我想求教的缘由,对不起,由于电脑原因打不了藏文,请见谅!
ཁ་བྱང:ངེས་མཁོ་ཞིག
  • རུས་མིང:ཨ་བསྟན་ཁོ།
  • E-mail:874633708@qq.com
  • IPས་གནས:220.166.172.29
[NO.56] སྐད་འཇོག་དུས 2010/11/28 12:45:18
བཀའ་དྲིན་ཆེ་བའི་ཧི་མ་ལ་ཡའི་བོན་གྱི་གྲོགས་པོ་རྣམ་པའི་ཁམས་བཟང་།
    བདག་ནི་༢༠༡༠ལོར་སློབ་ཆེན་དུ་ཞུགས་བའི་སློབ་མ་ཞིག་ཡིན། སྔོན་ཆེད་ཀྱི་དུས་ཚོད་འདི་འདྲའི་རིང་བོའི་ནང་རྒྱ་མི་རིགས་ཀྱི་སྐད་དང་ཡི་གེ་སྤྱང་བ་ཡིན། ད་སྐབས་ཡིན་ན་ཡང་ཆེད་སྤྱང་རྒྱའི་སྐད་ཡིག་ཡིན། དེ་བས་དེ་རིང་བདག་གི་སྐད་བསྐུར་འདིས་ནང་ཡིག་སྐྱོན་དང་ཁ་མི་གསལ་བ་ཡོད་ན་བདག་ལ་བསྒྱུར་བཅོས་བྱེད་པའི་གོ་སྐབས་སྤྱིན་རོགས།
   བདག་གི་སྐད་བསྐུར་དོན་ནི་གླུ་བ་ཤེར་བསྟན་གྱིས་བླངས་བའི་གཞས་སྒྲོལ་མ་ཞེས་པ་དེ་ཡིན། སྔོན་ཆེད་གླུ་བ་ཡ་དུང་གིས་རྒྱའི་སྐད་ནས་བླངས་བའི་སྒྲོལ་མ་ཞེས་པའི་གླུ་དེ་རེད། བདག་ལ་མཁོ་བ་ནི་བོད་སྐད་དུ་བསྒྱུར་བའི་གཞས་ཡིན། བདག་གིེས་དྲ་གནས་མང་བོ་བརྒྱད་ནས་འཚོལ་ཡང་འཚོལ་མ྄་ཐུབ་པས། ཁྱེད་ཧི་མ་ལ་ཡའི་བོན་གྱིས་བདག་ལ་རོགས་ཞིག་བྱེ་པར་མཁྱེན།
2010/11/28 21:28:54 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
ངེད་ཚོས་ཁྱེད་ལ་རོགས་བྱེད་ཨེ་ཐུབ་བལྟ་ཡོང་ལགས།
ད་ལྟ་ཡང་རེག་མ་སོང་ལགས།
དྲ་གྲོགས་གཞན་དག་གིས་ཁྱེད་ལ་རོགས་གནང་བའི་རེ་བ་ཡོད།
ཁ་བྱང:我爱藏族雪山英雄
  • རུས་མིང:加样西然
  • E-mail:www.xue@shan.com
  • IPས་གནས:61.178.196.102
[NO.55] སྐད་འཇོག་དུས 2010/11/23 0:11:54
我一直都爱藏族雪山英雄们和藏族的藏语谢谢
2010/11/23 13:43:36 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
ཁྱེད་རང་ཕེབས་གཟིགས་གནང་བར་དགའ་བསུ་ཞུ།
རེ་བ་ལ། རྗེས་ཕྱོགས་ཧི་གཟུགས་ལམ་ནས་སྐད་འཇོག་རྒྱུའི་རེ་བ་ཡོད།
བཀའ་དྲིན་ཆེ།
ཁ་བྱང:问答
  • རུས་མིང:仁青
  • E-mail:1260088475@qq.com
  • IPས་གནས:61.178.231.59
[NO.54] སྐད་འཇོག་དུས 2010/11/20 13:52:17
请说出热拉雍忡林寺的(达瓦坚赞佛祖)晒佛情况。
                                             谢谢!
2010/11/20 20:51:15 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
རིན་ཆེན་ལགས།  
གནས་ཚུལ་དེ་བར་སྐབས་སུ་རེག་མ་བྱུང་བས་བཀོད་ཐུབ་བྲལ།  ལག་ཏུ་འབྱོར་བར་བརྩོན་ལེན་བྱེད་ངེས།  སླད་མར་དྲ་ངོས་འདིར་བོད་ཡིག་བཀོལ་སྤྱོད་བྱེད་རྒྱུའི་རེ་བ་ཡོད།
ཁ་བྱང:རེ་ཞུ།
  • རུས་མིང:ཧྲེ་ཤུལ བསྟན་པ་འབྲུག་གྲགས།
  • E-mail:gexihf@yahoo.com.cn
  • IPས་གནས:118.117.164.70
[NO.53] སྐད་འཇོག་དུས 2010/11/18 14:04:57
ཕ་སྐད་ཀྱི་མཛེས་པ་སྲོག་ཏུ་བཟུང་བའི་དྲ་ཚིགས་འདིས་ང་ཚོའི་མེས་པོ་ཚོས་བཞག་པའི་མཛད་རྗེས་དང་བསྐྱེད་པའི་ནུས་པ་སོགས་སྔོག་འདོན་བྱེད་ཐུབ་ལ་ང་ཚོའི་བསམ་བློར་ཕན་པའི་རྒྱགས་ཕྱེ་སྣུམ་པོ་ཞིག་ཀྱང་ཡིན་ངེས་པས་ངས་འདི་ནས་ཀློག་མཁན་ཕལ་བ་ཞིག་ཚབ་བྱས་ནས་ཁྱེད་རྣམ་ལ་བཀའ་དྲིན྅་སྠྙིང་ནས་ཞུ།
2010/11/18 18:40:07 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
ཁྱེད་ཀྱང་ངེད་དྲ་བར་གཟིགས་ཕེབས་གནང་བར་དགའ་བསུ་ཞུ་ཞུ།
ཁ་བྱང:tendhar_ngawa@yahoo.com
  • རུས་མིང:བསྟན་པ་དར་རྒྱསྱ
  • E-mail:tendhar_ngawa@yahoo.com
  • IPས་གནས:116.68.209.32
[NO.50] སྐད་འཇོག་དུས 2010/11/8 8:09:31
བལ་ཡུལ་ནས།
མདོ་སྔགས་རྫོགས་གསུམ་གྱི་ཁྱད་པར་སྙིང་བསྡུས།
དེ་ཡང་གཙོ་བོ་ཕར་ཕྱིན་བཅུ་ཡི་སྒོ་ནས་སངས་རྒྱས་བསྒྲུབ་མཁན་གྱི་ཐེག་པ་དེ་ལ་མདོ་ཡི་ཐེག་པ་ཞེས་བརྗོད་ཀྱི་ཡོད། བསྐྱེད་རིམ་དང་རྫོགས་རིམ་གང་རུང་གཙོ་བོ་བྱེད་ནས་སངས་རྒྱས་བསྒྲུབ་མཁན་གྱི་ཐེག་པ་དེ་ལ།
གསང་སྔགས་ཀྱི་ཐེག་པ་ཅེས་བརྗོད་ཀྱི་ཡོད། ཕར་་ཕྱིན་བཅུ་དང་རིམ་གཉིས་སོགས་གང་ཡང་གཙོ་བོ་མི་བྱེད་ཀྱང་གནས་ལུགས་རང་ཉམས་སུ་ལེན་ནས་སངས་རྒྱས་བསྒྲུབ་མཁན་གྱི་ཐེག་པ་དེ་ལ། བླ་མེད་རྫོགས་པ་ཆེན་པོ་ཞེས་བརྗོད་ཀྱི་ཡོད། བཀྲིས་བདེ་ལེགས།
2010/11/8 14:16:26 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
ཁྱེད་ངེད་དྲ་བར་གཟིགས་ཕེབས་གནང་བར་དགའ་བསུ་ཞུ།
ཁ་བྱང:རེ་ཞུ་ཡི་གེ
  • རུས་མིང:བྱམས་པ་ཚེ་རིང་།
  • E-mail:nansangxianba@163.com
  • IPས་གནས:61.178.103.142
[NO.47] སྐད་འཇོག་དུས 2010/11/4 13:22:24
ང་ལ་རེ་བ་མང་པོ་ཞུ་རྒྱུ་མེད།   ཅུང་ཙམ་ཡོད་པ་ནི་འདི་སྟེ།    འདི་གའི་རྩོམ་སྒྲིག་པས་རྩོམ་ཡིག་ལ་དག་བཅོས་བྱ་ནི་ཨེ་རེད།
2010/11/4 18:30:48 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
ང་ཚོས་ཀྱང་གང་ཐུབ་རེ་དག་བཅོས་བྱེད་ཀི་ཡོད་མོད།
ད་དུང་མ་འདང་ས་མང་བོ་ཡོད་པས་
ཁ་བྱང:tendhar_ngawa@yahoo.com
  • རུས་མིང:འོར་འགབ་
  • E-mail:tendhar_ngawa@yahoo.com
  • IPས་གནས:116.68.209.32
[NO.46] སྐད་འཇོག་དུས 2010/11/2 23:49:44
ག༟ཤེན་སྲས་རིན་པོ་ཆེ་ནང་བསྟན་སློབ་གླིང་དུ་ཆིབས་བསྒྱུར་གནང་བར་སྙིང་ཐག་པ་ནས་བཀྲིས་བདེ་ལེགས།
2010/11/3 13:06:56 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
འོ་ཁྱེད་ནས་རྟེན་འབྲེལ་གྱི་ཁ ་གཡང་འབོད་པ་བཀྲ་ཤིས་བདེ་ལེགས་ཞུ།
ཁ་བྱང:latod@yahoo.com
  • རུས་མིང:བོན་པོ་ཚང།
  • E-mail:latod@yahoo.com
  • IPས་གནས:86.180.112.41
[NO.45] སྐད་འཇོག་དུས 2010/10/14 19:23:32
ཧི་མ་ལ་ཡའི་བོན་དྲྭ་བདག་རྣམས་ནས་འདི་ལྟའི་རླབས་ཆེན་གྱིས་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་བོན་གྱི་གཟི་བརྗིད་ཙམ་དུ་མ་ཟད་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་པའི་བོད་རིགས་ཡོངས་ཀྱི་གཟི་བརྗིད་ཅིག་ཀྱང་རེད་ཐུགས་རྗེ་ཆེ་སླར་ཡང།
བཀྲ་ཤིས་བདེ་ལེགས།
མངའ་རིས་བུ་ནས་ཕུལ།།།
2010/10/15 0:48:27 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
མངའ་རིས་བུ་ནས་འདི་ལྟར་ངེད་དྲ་བར་ཁ་གཡང་དྲོན་མོ་གནང་བ་ལ་བཀའ་དྲིན་ཆེ།  མུ་མཐུད་ནས་ཕེབས་པར་དགའ་བསུ་ཞུ་ངེས་ཡིན།
ཁ་བྱང:རེ་བ།
  • རུས་མིང:ལྡོམ་པོ།
  • E-mail:zhai@358.com
  • IPས་གནས:110.166.151.143
[NO.44] སྐད་འཇོག་དུས 2010/10/13 22:41:18
བོད་ཕྱི་ནང་གཉིས་ཀྱི་དྲ་ཐོག་ཟིན་བྲིས་སྤེལ་མཁན་རྣམ་པ་ལགས།  དེང་སྐབས་བརྡ་འཕྲིན་སྤྱི་ཚོགས་ཀྱི་དུས་སྐབས་འདིར་རང་ཅག་རྣམས་ཀྱང་དེའི་གྲས་སུ་ཞུགས་ཐུབ་པ་དགའ་བའི་གནས་སུ་ཆེ་མོད། འོན་ཀྱང་ཡིད་སྐྱོ་དགོས་པའི་གནས་ཤིག་མཆིས་པ་ནི་ཕལ་ཆེར་ཟིན་བྲིས་བརྒྱ་ཆའི་བདུན་ཅུའི་ནང་དུ་ཡིག་ནོར་དང་ཆད་ལྷག་ཧ་ཅང་མང་བས་དེའི་ཕྱོགས་ལ་གཟབ་ནན་གནང་རྒྱུའི་འབོད་བསྐུལ་བཏང་བ་ཡིན། ༢༠༡༠ལོའི་ཟླ༡༠ཚེས༡༣ཉིན་ཟི་ལིང་གྲོང་ཁྱེར་ནས་ལྷག་བསམ་རྣམ་དག་སྒོས་གུས་ཕུལ་དགེ།
2010/10/13 23:57:37 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
ང་ཚོ་དོ་དམ་པ་དག་གིས་ཀྱང་གང་གཟབ་གཟབ་ངང་ནས་ཞུས་དག་གནང་ནས་རྩོམ་ཡིག་དག་སྤེལ་བཞིན་ཡོད་ལགས།
ཁ་བྱང:རེ་བ་ཞིག།
  • རུས་མིང:བཀྲ་ཤིས།
  • E-mail:zhongyangr@gmail.com
  • IPས་གནས:112.64.188.77
[NO.43] སྐད་འཇོག་དུས 2010/10/13 12:22:51
དྲ་ངོས་ནས་བོད་ཀྱི་ལོ་ཐོ་བལྟ་ཐུབ་ཚེ་ཇི་འདྲའི་དགའ་བ་ལ་ཨང་།
2010/10/13 12:44:27 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
སྐུ་ཉིད་ཀྱི་རེ་བ་བཞིན་ང་ཚོས་ཀྱང་གང་ཐུབ་བྱེད་ཨེ་ཐུབ་བལྟ་ཀི་ཡིན་ལགས།
བཀའ་དྲིན་ཆེ།
ཁ་བྱང:ཁ་འགྲོ་
  • རུས་མིང:བདབ
  • E-mail:nso140@163.com
  • ཁ་པར:65895154645651
  • ལག་ཁྱེར:49876546468468
  • IPས་གནས:116.55.124.205
[NO.42] སྐད་འཇོག་དུས 2010/10/13 1:01:44
མ་ལག་དེ་ནི་འབུམ་པ་རྒྱལ་ལག་ནས་བཟོས་པ་འདྲ་  ཁོང་ནི་དེང་དུས་བོད་ཡིག་འདྲ་རྒྱའི་མ་ལག་ཟོ་ཁན་གི་དཔའ་བོ་ཞིག་དུ་རྒྱུར་འདུག་  ངས་ངེས་གསལ་ལ་2005ནས་སྒོ་གརྩུག་ཏེ་བོད་ཡིག་ཆ་འཕྲིན་ཅན་དུ་གཞི་ནས་བརྒྱུར་སོང་
2010/10/13 12:43:19 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
འབུམ་པ་རྒྱལ་ནི་བོད་ཡིག་དྲ་ཚིགས་བཟོ་བའི་ལག་རྩལ་ཡོད་མཁན་གྱི་བོད་པ་ཨང་དང་བོའི་གྲས་ཤིག་རེད།
ཁ་བྱང:གསོག་སྒར་སློབ་གྲ
  • རུས་མིང:དྲང་བདེན་
  • E-mail:nawa.tenzin@yahoo.com
  • IPས་གནས:117.254.221.121
[NO.41] སྐད་འཇོག་དུས 2010/10/10 13:28:07
བོན་གྱི་དགོན་པ་ཆེ་མ་ཆུང་གསུམ་གྱི་ལོ་རྒྱུས་དང་ད་ལྟའི་གནས་བབ། འདྲ་པར་བཅས་ གསལ་བོར་འགོད་དགོས། དགོན་པ་ལའང་འདྲ་མཉམ་གྱི་ལྟ་ཚུལ་འཛིན་དགོས།ཕྱོགས་རིས་ནི་རྡོག་རྩ་གཅིག་སྒྲིལ་གིས་བཀག་རྡོ་ཡིན།      གྲ་ཚིག་འདིའི་ལས་བྱེད་པ་ཡོངས་ལ
2010/10/10 18:06:40 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
སྐུ་ཉིད་དགོངས་ཚུལ་བཞིན་དུ་ང་ཚོས་ཀྱང་གང་ཐུབ་ཀྱིས་ཕྱོགས་དང་རིས་སུ་མ་ཆད་པའི་སྒོ་ནས་ངོ་སྤྲོད་དང་མཚམས་སྦྱོར་ཞུ་བཞིན་ཡོད་ལགས།
ཁ་བྱང:不完全
  • རུས་མིང:tenzin
  • E-mail:nawa.tenzin@yahoo.com
  • IPས་གནས:117.254.221.121
[NO.40] སྐད་འཇོག་དུས 2010/10/10 12:54:41
很遗憾   不完全
希望完全点儿
2010/10/10 18:04:31 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
རྗེས་ཕྱོགས་སྐད་འཇོག་ཚེར་བོད་ཡིག་ཁོ་ནས་ལམ་ནས་འཇོག་རོགས་གནང་།
ཁ་བྱང:ཆེད་ཞུ།
  • རུས་མིང:ཨ་མདོ་བ།
  • E-mail:zhaxi@126.com
  • IPས་གནས:118.213.118.25
[NO.39] སྐད་འཇོག་དུས 2010/10/7 17:05:03
བོད་གཞིས་བྱེས་གཉིས་སུ་བཞུགས་པའི་ས་དགེ་རྙིང་གསུམ་གཤེན་རབ་བོན་དང་བཅས་པའི་དམ་པའི་སྐྱེས་བུ་རྣམ་པར་ཆེད་ཞུ། དེང་སྐབས་བོད་མི་རིགས་ཉམ་ཆུང་ཞིང་སྟོབས་ཞན་པའི་དུས་སྐབས་འདིར་གྲུབ་མཐའི་ཕྱོགས་ཞེན་དང་ཆོས་ལུགས་ཀྱི་དབྱེ་བ་མི་འབྱེད་པར་རང་རང་གང་ལ་དད་པ་དེ་ལྟར་དུ་འཛིན་རྒྱུ་ལས་བོད་ནང་ཁུལ་དུ་དབྱེན་སྦྱོར་གྱི་སྟ་གོན་ཞིག་མི་བཤམ་རྒྱུའི་རེ་བ་སྙིང་ནས་ཞུ། སྔོན་ཆད་ཀྱང་རང་རེའི་བོད་མི་རིགས་འདི་གྲུབ་མཐའ་དང་ཆོས་ལུགས་ལ་ཕྱོགས་ཞེན་ཆེ་སྟབས་རང་ཅག་བོད་མི་རིགས་དེ་རིང་ཚད་འདི་ལྟ་བུ་ཞིག་ལ་ལྷུང་བ་ཁྱེད་རྣམ་པར་ཞུ་མ་དགོས། དེང་སྐབས་བརྡ་འཕྲིན་དང་ཆ་འཕྲིན་ཆེ་ཆེ་དར་བའི་སྐབས་འདིར་རང་ཅག་ད་རུང་རྗེས་ལུས་ཡིན་པ་དང་། མི་འདང་ས་ད་རུང་ཧ་ཅང་མང་བས་དེའི་ཕྱོགས་ལ་ཤུགས་རྒྱག་རྒྱུ་མཁྱེན་མཁྱེན་ཞུའོ།།
2010/10/7 19:46:40 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
ཁམས་བཟང་།
ཁྱེད་ཉིད་ཕེབས་པར་དགའ་བསུ་ཞུ།
ཁ་བྱང:ཧི་མ་ལ་ཡའི་རླུང་རྟ་དར་བར་ཤོག
  • རུས་མིང:གཡུང་དྲུང་ལྷུན་འགྲུབ།
  • E-mail:yongzhonglongzhu@126.com
  • IPས་གནས:61.178.196.180
[NO.38] སྐད་འཇོག་དུས 2010/10/7 16:21:00
ཧི་མ་ལ་ཡའི་རླུང་རྟ་དར་བར་ཤོག
       ས།
ཧི་མ་ལ་ཡའི་རྒྱུད་ཀྱི་ཡ་ཐོག་གི་ཤེས་རིག།
བོན་གྱི་ཞིང་ནས་བྱུང་བའི་དར་རྒུད་ནི་རྒོད་ཀྱང་།།
བདུད་བཙན་གདོན་གསུམ་སྟོང་གི་ཤ་རུས་ཏེ་མྱུལ་ནས།།
གཡུང་དྲུང་བོན་གྱི་རྣམ་དཀར་ལང་ཚོ་དེ་རྒྱས་སོང་།།
       ཆུ།
ཧི་མ་ལ་ཡའི་རྒྱུད་ཀྱི་གནས་ལུགས་ཀྱི་ཆུ་རྒྱུན།།
བོན་ཡུལ་རི་ཆུ་ནགས་གསུམ་གྲངས་མེད་དེ་བརྒལ་ནས།།
ཆུ་སྣ་འབུམ་འདུས་ཞི་བདེ་རྒྱ་མཚོ་ཡི་ཀློང་ན།།
གཡུང་དྲུང་བོན་གྱི་གདམས་ངག་བདུད་རྩི་དེ་ལྟེམ་ལྟེམ།།
        མེ།
ཧི་མ་ལ་ཡའི་རིག་པའི་ཞིང་ས་ཡི་གཞུང་ན་།
བོན་སྒྲ་ཚད་འབྲུ་རིགས་ལོ་ལེགས་ཀྱི་སྙེ་མ།།
ཁ་བའི་བསྟན་པའི་ཞིང་ན་སྟོན་གསུམ་གྱི་འབྲུ་བཞིན།།
གཡུང་དྲུང་བོན་གྱི་ཕྱི་ནང་ལྟ་བ་སྟེ་སྨིན་འདུག།
        རླུང་།
ཧི་མ་ལ་ཡའི་རྒྱུད་ཀྱི་ཤེས་རིག་གི་འོད་སྣང་།།
བོན་ཡུལ་དག་པའི་ཞིང་གི་ཕང་བ་རུ་འཕྲོས་དུས།
ཉི་ཟླ་གཤེན་ཐུབ་སྟོན་པའི་ཐུགས་རྗེ་ཡི་བསིལ་དྲོད།
བོན་ཆོས་སངས་རྒྱས་སྟོང་གི་ཐུགས་ཀ་ལ་འཐིམ་སོང་།།
2010/10/7 19:44:35 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
བཀའ་དྲིན་ཆེ།
སྐུ་ཉིད་ནས་མཐོང་ཆེན་གནང་བར་སྙིང་ནས་ཐུགས་རྗེ་ཆེར་ཞུ།
ཁ་བྱང:yung_tboy4ever@yahoo.com
  • རུས་མིང:gantu yungdrung
  • E-mail:yung_tboy4ever@yahoo.com
  • ལག་ཁྱེར:9808840477
  • IPས་གནས:113.199.206.35
[NO.36] སྐད་འཇོག་དུས 2010/10/6 12:57:36
hi gen snowyuth la thank ,i am try to tyap tibetan but i dont got but i am learning tibetan ,so
2010/10/6 19:17:12 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
ཕེབས་པར་དགའ་བསུ་ཡོད།  སླད་མར་བོད་ཡིག་བཀོལ་སྤྱོད་བྱེད་རོགས་མཁྱེན།
ཁ་བྱང:yung_tboy4ever@yahoo.com
  • རུས་མིང:yungdrung dhonden
  • E-mail:yung_tboy4ever@yahoo.com
  • ལག་ཁྱེར:9808840477
  • IPས་གནས:113.199.200.191
[NO.35] སྐད་འཇོག་དུས 2010/10/5 21:28:04
hi i am very happy to se,e this ,so i want to thanks to u all ,because i am a bonpo boy ,i want to say you sorry here not got tibetan
2010/10/5 22:22:45 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར།
Hi! yungdrung dhonden
Thanks a lot, you are well come to our himalayabon website, my hope next time you are will use the Tibetan.
1921 ...‹‹678910››
Copyright © 2010 Himalayabon.coM All rights reserved. Powered by: Tibetitw.coM
པར་དབང་ཡོད་ས་ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་ཡིན་པས་ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་རིགས་བྱེད་མི་ཆོག