| [NO.85] སྐད་འཇོག་དུས 2011/6/15 14:25:26 བཀྲིས་བདེ་ལེགསཞུ། དོ་དམ་པ་ལགས། ཁྱེད་དྲ་བའི་ཐོག་ཐོ་འགོད་བྱེད་ན་འགྲོ་ལུགས་ག་འདྲ་བྱེད་དགོས་པའི་བཀའ་སློབ་ཡོད་པ་མཁྱེན། ཁ་པར་ཨང་༡༣༩༠༨༩༦༥༥༨༨ 2011/6/17 23:21:07 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཀརྨ་ནོར་བུ་ལགས། ཁམས་བཟང་། ཐོ་འགོད་ཀྱི་ཆ་རྐྱེན་འདིར་ཡོད་པས་གཟིགས་རོགས་གནང་བར་འཚལ། http://blog.himalayabon.com/u/tibetmonk/archives/2011/150.html |
| [NO.84] སྐད་འཇོག་དུས 2011/6/8 15:59:20 ཁ་པར་ནང་བོད་ཡིག་གི་ཐོག་ནས་འཕྲིང་འཐུང་བསྐུར་ཐུབ་པའི་མ་ལག་དེ་ཅི་ལྟར་བྱས་ན་འཇོག་ཐུབ་བམ་ལན་ཞིག་གསུང་རྒྱུ་མཁྱེན་ཞུ། ༕༕༕༕QQ949293238 2011/6/24 11:02:37 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། མ་ལག་དེ་ཅི་ལྟར་བཀོལ་སྤྱད་བྱེད་ཚུལ་གསལ་བོ་ཞིག་ཤེས་མ་སོང་བས་ལན་འདེབས་ཐུབ་མ་སོང་། |
| [NO.83] སྐད་འཇོག་དུས 2011/6/3 14:02:58 ཁྱེད་ཚང་གི་ཟིན་བྲིས་ལེགས་གྲུབ་བྱུང་བར་རྟེན་འབྲེལ་སྙིང་ནས་ཞུས་པ་ཡིན། ངའི་མ་འོངས་པའི་དུས་ཚོད་ནང྄ཁྱེད་རྣམས་པ་སྐུ་ཁམས་བདེ་མོ་དང་བྱ་བ་ལམ་འགྲོ་དྲ་ཚིགས་འདི་ཡག་ཐོག་ཡག་བརྕིགས་ཡོང་བའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས། 2011/6/5 23:59:42 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། རྟེན་འབྲེལ་ཞུ་བ་བཀའ་དྲིན་ཆེ་ཆེ། |
| [NO.82] སྐད་འཇོག་དུས 2011/5/31 14:16:22 དྲ་བདག་ལགས། དགོས་དོན་ཞིག་གིས་དབང་གིས་ང་ལ་གངས་ཏི་སེ་བོན་གཞུང་རིག་མཛོད་ཀྱི་རྒྱ་ཡིག་གི་དཀར་ཆག་ཅིག་མཁོ་འདུག དཔེ་ཆའི་མཇུག་ཏུ་བཀོད་པའི་བོད་ཡིག་གི་དཀར་ཆག་དེ་ལག་ཏུ་འབྱོར་ཡང་། ད་དུང་རྒྱ་ཡིག་གི་ལམ་ནས་བྲིས་པ་ཞིག་དགོས། སྐུ་ཉིད་ལ་དེའི་སྐོར་ཨེ་ཡོད་ན། ཡང་ན་དེའི་སྐོར་རྙེད་ཐུབ་སའི་དྲ་ངོས་སོགས་ངོ་སྤྲོད་བྱ་རྒྱུ་ཨི་ཡོད་ན། རེ་བ་དང་བཅས་ཏེ་ལན་ལ་སྒུག་ཡོད། རིན་ཆེན་ནས། 2011/5/31 20:21:23 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། དེའི་སྐོར་མཁས་དབང་ཚེ་རིང་ཐར་ལགས་ལ་ཨེ་ཡོད་སྙམ་ལགས། |
| [NO.81] སྐད་འཇོག་དུས 2011/5/15 17:45:15 ཁྱེད་ཚང་གི་ཟིན་བྲིས་ལེགས་གྲུབ་བྱུང་བར་རྟེན་འབྲེལ་སྙིང་ནས་ཞུས་པ་ཡིན། ཞིབ་བཤེར་གྱི་བཙན་གཡེམ་མེད་པའི་སྨོན་འདུན་དེ་ལས་ཀྱང་ཞུས་པ་ཡིན། འུ་ཅག་ཟིན་བྲིས་ཀྱི་ཁ་གྲངས་ཉུང་བའི་ཁར། རེ་གཉིས་དེ་ཡིས་ཀྱང་ད་དུང་ཞིབ་བཤེར་དང་ཞིབ་བཤེར་གྱི་བཀག་སྣ་ཚོགས་སུ་བཟོས་ན། རང་དབང་དང་འདྲ་མཉམ་སོགས་ཀྱི་ཐ་སྙད་དག་ནི་ཁྱི་ངན་སྐར་མར་ཟུག་པ་ལས་གཞན་མིན་པས། རྣམ་པ་ཚོས་ཐུགས་འཇོག་ཡང་ཡང་གནངས་རོགས་ཞེས། ཞོགས྄་ལྗང་གིས་བླ་བྲང་ནས། 2011/5/16 20:36:51 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཐོག་མར་ཉིད་ལ་བཀའ་དྲིན་ཆེ་ཞུ་བ་དང་ལྷན་དུ་རང་རེ་ལ་མཚོན་ན་དྲ་ངོས་ཟིན་བྲིས་ཤིན་ཏུ་ཉུང་བ་དང་། སྔར་སྤེལ་བའི་ཟིན་བྲིས་འགའ་རེ་འགལ་རྐྱེན་གྱི་ཀློང་དུ་གཟིམས་པ། རིག་གཞུང་གི་རྒྱང་ཕུག་ལ་མི་དཔྱོད་པའི་བསམ་བློ་གུ་དོག་པ་འགའ་རེས་ཐད་ཀར་དྲ་ངོས་ཀྱི་ཚེ་སྲོག་ལ་གནོད་པའི་དུག་གི་སྦྱོར་བ་རྩོམ་པ་སོགས་མདོར་ན་མི་མཐུན་པའི་བསམ་སྦྱོར་དེ་དག་མཐར་སྐྲོད་པ་དང་། གྲུབ་མཐའ་ཀུན་ལ་ཕྱོགས་མེད་རིག་པ་ཡངས་པའི་དཔྱོད་ལྡན་རྣམས་ལ་སྙིང་ནས་ཁོད་ཡངས་པའི་རིག་པའི་དོ་ར་ཞིག་བསྐྲུན་ཆེད་ཞིབ་བཤེར་གང་ནུས་མི་བགྱི་ཐབས་མེད་ལགས་པས་ན་ཉིད་ཀྱི་ཐུགས་རེ་དང་མཐུན་པར་སྨོན། ཁྲི་བསོད་བསྟན་ནས། |
| [NO.80] སྐད་འཇོག་དུས 2011/5/10 16:26:02 ཧི་མ་ལ་ཡའི་བོན་གྱི་དྲ་ཚིགས་གཙོ་སྒྲུབ་དགེ་རྒན་རྣམས་པ་དང་དྲ་གྲོགས་རྣམས་པ་སྐུ་ཁམས་བཟང་། འདི་གར་དྲ་ཚིགས་འདི་མཐོང་པ་ཧ་ཅང་དགའ་སྤྲོ་ཆེ། ངའི་མ་འོངས་པའི་དུས་ཚོད་ནང྄ཁྱེད་རྣམས་པ་སྐུ་ཁམས་བདེ་མོ་དང་བྱ་བ་ལམ་འགྲོ་དྲ་ཚིགས་འདི་ཡག་ཐོག་ཡག་བརྕིགས་ཡོང་བའི་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས། 2011/5/10 17:04:27 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་ཉིད་ཀྱང་ཧི་མ་ལ་ཡའི་བོན་དང་ཧི་བོན་ཟིས་བྲིས་སུ་ཕེབས་པར་དགའ་བསུ་ཞུ་བ་ལགས། རིན་སྤུངས་ནས་ |
| [NO.79] སྐད་འཇོག་དུས 2011/5/9 18:19:23 ཧི་བོན་ཟིན་བྲིས་ལེགས་འགྲུབ་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ། 2011/5/9 22:26:34 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་མཆོག་ཁྲི་གཡུང་དྲུང་ལགས་ཀྱང་ཧི་བོན་ཟིན་བྲིས་སུ་གདན་གཞི་བཟུང་བའི་དགའ་བསུ་ཞུ་བཞིན་ཡོད་ལགས། གང་མགྱོགས་ལ་ཐོ་འགོད་ཀྱི་ཆ་རྐྱེན་རྣམས་བསྐུར་བའི་རེ་བ་ཆེ། ཞེས་རིན་སྤུངས་ནས་ |
| [NO.78] སྐད་འཇོག་དུས 2011/4/14 11:27:59 ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གིས་བོད་ཀྱི་རིག་གཞུང་ཞིབ་འཇུག་གི་རྒྱུ་ཆ་འཚོལ་བསྡུ་དང་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་འདོད་བློ་བསྐོང་ཆེད་རིན་མཐོན་པོས་བོད་ཀྱི་དཔེ་རྙིང་བླུ་བཞིན་ཡོད། འབྲེལ་གཏུག་བྱེད་ཡུལ། ཀྲུང་གོའི་མི་རིགས་དཔེ་མཛོད་ཁང་གནའ་དཔེ་ཆེད་ཉར་པུའུ། བྱམས་པ། 中国民族图书馆古籍特藏部 北京市西城区复兴门内大街49号 邮编:100031 联系人:先巴13691556624 010-66024433转5501 2011/4/14 12:57:54 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། འོ་བཀྲ་ཤིས་བདེ་ལེགས། གཙོ་བོ་གང་ཕྱོགས་བསྡུ་རུབ་བྱེད་བཞིན་ཡོད་རེད་དམ། |
| [NO.77] སྐད་འཇོག་དུས 2011/4/12 23:05:31 དྲ་བདག་ལགས བདེ་མོ ཁྱེད་དྲ་བར་ཞིག་ན་ཨེ་ཆོག 2011/4/12 23:30:58 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ད་ནང་དོན་ཧ་གོ་མ་སོང་། |
| [NO.76] སྐད་འཇོག་དུས 2011/4/10 1:48:04 |
| [NO.75] སྐད་འཇོག་དུས 2011/4/10 1:36:41 བོན་ཀྱི་སྟབས་བདེ་ཁ་འདོནསློབ་རོགས་གནང་། 2011/4/10 19:48:02 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། རྒྱུན་འདོན་སྐོར་ནས་གསོལ་འདེབས་དང་སྨོན་ལམ་སྐོར་ཁ་ཤས་བཀོད་ཡོད། མོས་པ་ཡོད་ན་དྲ་ངོས་ལས་བཤུས་ཆོག |
| [NO.74] སྐད་འཇོག་དུས 2011/3/23 11:56:25 ༈ ཧི་མ་ལ་ཡའི་དྲ་བའི་འགན་འཛིན་ལྷན་རྒྱས་མཆོག་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེ་ཆེ་ཞུ་ ཁྱེད་རྣམ་པས་བསྟན་ པ་དང་འགྲོ་དོན་ལ་དགོངས་བཞེས་ཐོག་སྐུ་ངལ་འཛེམས་མེད་གནང་བ་འདི་དག་ཉམས་མེད་རྒྱུན་གནས་ཡོང་བའི་རེ་ འདུན་དང་སྐུ་ཚེ་གེགས་མེད་ཀྱི་སྨོན་པ་བཅས། མང་སྤྲུལ་དགེ་བཤེས་གཚུག་ཕུད་རྣམ་རྒྱལ་ནས་ཕུལ། 2011/3/23 16:02:15 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་ཁྱེད་ཀྱང་འདིར་གཟིགས་ཕེབས་གནང་བར་དགའ་བསུ་ཞུ་ཞུ། རྗེས་ཕྱོགས་ང་ཚོ་གཅིག་གྲོགས་གཅིག་གིས་བྱེད་དེ་གཡུང་དྲུང་བོན་བསྟན་ལ་ཞབས་ཞུ་གང་ཐུབ་རེ་བསྒྲུབས་པའི་རེ་བ་དང་བཅས་ཏེ། རིན་སྤུངས་ཚུལ་བསྟན་ནས་ |
| [NO.70] སྐད་འཇོག་དུས 2011/3/22 19:21:37 དམ་གཙང་གི་གྲོགས་མཆེད་དམ་པ་དགེ་བཤེས་བློ་གྲོས་རབ་གསལ་ལགས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་གཅིག་ ཁྱེད་ཀྱི་མཛད་པ་དེ་དག་ལ་སྙིང་ནས་ཐུགས་རྗེ་ཆེ་དང་ཡིད་རངས་ཡོད་ལགས། ཁ་པར་ཨང་གྲངས་ཐོག་འབྲེལ་བ་ཞུ་ ༡༣༩༨༩༩༥༣༡༧༨ 2011/3/22 21:46:27 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་བཀྲ་ཤིས་བདེ་ལེགས། གྲོགས་ཁྱེད་ནས་སྐད་འདི་དགེ་བཤེས་བློ་གྲོས་རབ་གསལ་ལགས་ཀྱི་ཞང་བོད་ཚིག་མཛོད་ཀྱི་ལེ་ཚན་དུ་སྤེལ་ན་ལེགས་སོ་སྙམ་ལགས། |
| [NO.67] སྐད་འཇོག་དུས 2011/3/15 15:04:47 དེ་རིང་ཁྲི་བརྟན་ནོར་བུ་རྩེའི་དགོན་དུ་ཞུགས་པའི་དགེ་བཤེས་དོལ་པོ་པ་ཡོན་རྟན་མཆོག་སྒྲུབ་ལགས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་ལ་དགེ་འདུན་མང་ཚོགས་ཀྱི་ཧ་ལས་པས་སྒྲ་སྒྲིག་གནང་འདུག་པས་དགུས་པས་ངེ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།། 2011/3/15 15:22:52 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་ཀྱང་འདིར་གཟིགས་ཕེབས་གནང་བར་དགའ་བསུ་ཞུ་ཞུ། |
| [NO.66] སྐད་འཇོག་དུས 2011/3/15 15:02:33 དེ་རིང་ཁྲི་བརྟན་ནོར་བུ་རྩེའི་དགོན་དུ་ཞུགས་པའི་དགེ་བཤེས་དོལ་པོ་པ་ཡོན་རྟན་མཆོག་སྒྲུབ་ལགས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་ལ་དགེ་འདུན་མང་ཚོགས་ཀྱི་ཧ་ལས་པས་སྒྲ་སྒྲིག་གནང་འདུག་པས་དགུས་པས་ངེ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།། 2011/3/15 15:23:23 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་ཀྱང་བཀྲ་ཤིས་བདེ་ལེགས། |
| [NO.65] སྐད་འཇོག་དུས 2011/3/9 14:44:56 ཧི་མ་ལ་ཡའི་བོན་གྱི་དྲ་བའི་ལས་བྱེད་མི་སྣ་ཡོངས་ལ་ཐོག་མར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་གཅིག གསལ་འདེབས་ཞུ་རྒྱུ་ཞིག་ལ་སྐད་འཇོག་དྲ་ངོས་སྟེང་གི་མིང་གི་ཡིག་གཟུགས་དེ་དག་ཅུང་ཆེ་འདུག་པས་མིག་ལ་དེ་འདྲ་འཚམས་པོ་ཞིག་མི་འདུག མུ་མཐུད་དུ་དྲ་བའི་ནང་དོན་གསར་སྤེལ་བྱས་དང་མཇུག་འབྲས་མི་དམན་པ་ཞིག་ཐོབ་པར་ཡིད་ཆེས་ཡོད། ངོ་མ་ལེགས་པོ་འདུག 2011/3/9 15:16:36 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་གངས་པདྨ་ལགས་ནས་བསམ་འཆར་དང་འབྲེལ་ཏེ་རྒྱབ་སྐྱོར་གནང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ་བ་ལགས། |
| [NO.64] སྐད་འཇོག་དུས 2011/3/6 23:55:26 བསྟན་འཛིན་འབྲུག་གྲགས་རིན་པོ་ཆེ་ ལོ་གསར་པ་ལ་ནད་མེད་ཚེ་རིང་དང་བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདོན་བཞུ་། བཀྲ་ཤིས་བདེ་ལེགས་། 2011/3/7 19:04:54 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་ཀྱང་བཀྲ་ཤིས་བདེ་ལེགས་ཞུ། རྒན་བསྟན་འབྲུག་ལགས་ཀྱི་ཚབ་ཏུ་རིན་སྤུངས་ནས་ |
| [NO.63] སྐད་འཇོག་དུས 2011/2/24 14:31:30 Eïh-ˆÛ-ºhÛ-¿e-zÞ-i-M-¾ïGå-qô-z¸ôh-q-¾-Pïå-ç‰ÛP-fG-q-må- º±¤-ºiÛ-z=Ûå-zhï-¾ïGå-ŸÝü zôh-¤Û-å-»-iâG-GÛ-±z-‚å-bï-z;º-iÛm-Vï-ŸÝå-q-»Ûm- 2011/2/24 16:31:44 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་པོ་ལགས་ནས། རྗེས་ཕྱོགས་བོད་ཡིག་ཧི་མ་ལ་ཡའི་ཡིག་གཟུགས་ལམ་ནས་སྐད་འཇོག་རོགས། |
| [NO.61] སྐད་འཇོག་དུས 2011/1/5 13:51:31 དད་དམ་ལ་རྒྱ་གཅིག་པའི་ཧི་མ་ལ་ཡའི་བོན་དྲ་ཚིགས་ཀྱི་དོ་དམ་པ་ལྷན་རྒྱས་ལ་ཆེད་ཞུ། གངས་ཏི་སེ་བོན་གཞུང་རིག་མཛོད་གློག་རྡུལ་དེབ་གཟུགས་ཨང་ ༢༠ པའི་ཕྱི་ངོས་དེར་དེབ་དང་པོའི་རྒྱབ་ཤ་དེ་བཀོད་གནང་འདུག་པས་ནོར་བཅོས་ཡོང་བ་དང་། ཕྱི་ལོ་གསར་པའི་ནང་མཛད་འཕྲིན་གོང་འཕེལ་དང་རྒྱལ་གཤེན་གྱི་བསྟན་པ་རིན་པོ་ཆེ་ཕྱོགས་བཅུ་ཀུན་ཏུ་དར་ཞིང་རྒྱས་པའི་མཐུན་གྲོགས་སྔར་ལྷག་ཡོང་བའི་སྨོན་འདུན་གྲངས་མེད་ཞུ། ཐ་ཚན་མུ་ཙུག་སྨར་རོ།། 2011/1/5 18:14:27 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། དད་དམ་གཅིག་པའི་མཆེད་གྲོགས་ཁྱུངཿསྨོན་ལམ་མཆོག་ལ་གུས་ཞུ། གངས་ཏི་སེ་བོན་གཞུང་རིག་མཛོད་ཀྱི་དེབ་ཕྲེང་ལས་དེབ་༢༠བའི་རྒྱབ་ཤ་དེ་རེག་མ་སོང་བས་ཆེད་དུ་དགོངས་འགལ་མེད་པར་ཞུ་བ་ལགས། ཆེད་ཞུ། ཕྱི་ལོ་གསར་བའི་ནང་མཛད་འཕྲིན་ཡར་ངོའི་ཟླ་ལྟར་རྒྱས་པར་སྨོན། |
| [NO.60] སྐད་འཇོག་དུས 2010/12/23 16:38:48 འཛམ་གླིང་ཡུལ་གྲུ་གང་སར་གནས་འཆའ་བའི།། མགོན་སྐྱབས་བོན་ལ་རེ་མཁན་བོན་འབངས་དག། ཕན་ཚུན་ཉམས་མྱོང་གོ་རྟོགས་སྤེལ་བའི་སླད།། དྲྭ་རྒྱ་འདི་ཉིད་བསྐྲུན་པ་ཨེ་མ་རྨད།། གུ་དོག་བསམ་ཤེས་མེད་པའི་བྱབ་ཆུང་འགས།། ནང་འཁོར་འབུར་འཇོམས་བྱེད་པའི་ངན་ཚིག་དག། སླར་ཡང་སྨྲ་བའི་གོ་སྐབས་བཀག་པ་ལ།། ཡི་རངས་དགའ་བ་འཕེལ་ཏེ་ཁོང་དགོད་ཤོར།། 2010/12/23 16:57:39 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། སྐུ་ཉིད་ནས་བརྩི་མཐོང་གནང་བར་སྙིང་ནས་བཀའ་དྲིན་ཞུ་བ་ཡིན། |