| [NO.107] སྐད་འཇོག་དུས 2011/9/24 9:23:09 བཀུར་འོས་པའི་རྩོམ་སྒྲིགས་པ་ལགས། ཁོ་བོའི་ཧི་བོན་ཟིན་བྲིས་དེ་རྩ་ནས་རྩོམ་ཡིག་སྤེལ་ཡང་མདུན་ངོས་སུ་ཤར་རྒྱུ་མེད་པ་དང་གཞན་གྱིས་ཀྱང་བལྟ་རྒྱུ་མེད་པ་ལྟ་བུ་ཞིག་བྱུང་འདུག་པས། འདི་ནས་ཐབས་ཤེས་རྩ་ནས་མ་རྙེད་སྟབས།་སྐུ་མཁྱེན་དེ་ནས་གང་མགྱོགས་ཐབས་ཤེས་རེ་གནང་རོགས་ཞུ། ཞེས་ཨ་ཀྲོང་རིན་རྒྱལ་ནས་སྨན་རིའི་དགོན་ནས། 2011/9/24 22:00:07 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཟིན་བྲིས་པ་ཨ་ཀྲོང་ལགས། ངས་ཀྱང་དེའི་གནས་ཚུལ་ཐད་ལ་ཞིབ་བཤེར་བྱེད་བཞིན་ཡོད་ལགས། |
| [NO.106] སྐད་འཇོག་དུས 2011/9/23 21:42:29 གོང་གི་དྲ་བར་ཡོད་པའི་༼སྲིད་པ་རྒྱུད་ཀྱི་ཁ་བྱང་༽དང་མཁས་དབང་བོན་བརྒྱ་ལགས་ཀྱི་གསུང་རྩོམ་པོ་ཏི་ཁག་གང་དུ་བཙོང་རྒྱུ་ཡོད་པར་མཁྱེན་རོགས་གནང་ངོ། 2011/9/23 22:51:50 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། དེབ་དེ་གཉིས་ཁྲི་བསོད་བསྟན་ལགས་ལ་ཡོད་རེད་ལགས། ཁྱེད་ནས་ཁོང་ལ་འབྲེལ་བ་གནང་དང་། |
| [NO.105] སྐད་འཇོག་དུས 2011/9/22 14:57:39 ཁ་སྔོན་ཁྱེད་མཆོག་ལ་མངགས་པའི་དཔེ་དེབ་ བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ འཚོངས་རྒྱུ་ཡོད་དམ། 2011/9/22 19:14:47 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁ་སྔོན་ནས་ཞུས་པ་བཞིན། གངས་ཏི་སེ་བོན་གཞུང་རིག་མཛོད་ནང་ལ་ཡོད་པས་ཁྱེད་ནས་གཟིགས་རོགས། |
| [NO.104] སྐད་འཇོག་དུས 2011/9/15 15:49:44 གཡུང་དྲུང་བོན་པོ་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་། དཔེ་སྐྲུན་མི་སྣ་ལ་ཐུགས་རྗེ་ཆེ་ཞུ། ཁྱོད་རྣམས་ཀྱིས་ཁ་བ་རི་བའི་ཆོས་དག་རིག་གཞུང་སྲུང་སྐྱོབས་གནང་བ་རླབས་ཆེ་ཞིང་་བཀའ་དྲིན་བརྗོད་ལས་འདས་པ་ཞིག་རེད། །གཡུང་དྲུང་བོན་གྱི་རིག་གཞུང་དེབ་ཕྲེང་ཆ་ཚང་ལ་བླུ་ཡོན་ཅི་དགོས། ཕྱི་རྒྱལ་དུ་སྐུར་ཐུབ་མིན། སྦྲགས་གླ་ལ་ཅི་དགོས་སོགས་བཀའ་ལན་ཞལ་གསལ་གནང་བར་ཞུ། 2011/9/15 16:27:40 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁམས་བཟང་། དཔེ་ཚོགས་གང་གསུང་གི་ཡོད་དམ། གངས་ཏི་སེ་བོན་གཞུང་རིག་མཛོད་ཡིན་ན། བླུ་ཡོན་སྒོར་༨༨༠རེད་འདུག་ལགས། སྦྲགས་གླ་ག་ཚོད་ཡིན་མིན་ཧ་གོ་མ་བྱུང་ལགས། ཞེས་རིན་སྤུངས་ཚུལ་བསྟན་ནས་ |
| [NO.103] སྐད་འཇོག་དུས 2011/9/9 13:50:19 དང་བོ། དགོན་པའི་ལོ་རྒྱུས་མདོར་བསྡུས། རྟོགས་ལྡན་དགོན་ནི་སི་ཁྲོན་རྔ་བ་རྫོང་དུ་ཆགས་ཡོད་ལ། རྫོང་མཁར་ནས་སྤྱི་ལེའུ ༥ ཡི་ས་སྟེ་བར་མ་ཡུལ་ཚོའི་མ་རྒྱུད་ཐུགས་རྗེ་ཉི་མའི་གནས་རི་ཞེས་དབེན་གནས་ཉམས་དགའ་བ་དེར་གནས། དགོན་སྡེ་འདི་ཡི་མཚན་ཆ་ཚང་ལ། ཞྭ་དཀར་གཡུང་དྲུང་བོན་གྱི་བསྟན་པའི་འདུས་སྡེ་ཆེན་པོ་རྟོགས་ལྡན་དགོན་ནམ། དཔལ་གཤེན་བསྟན་སྨིན་གྲོལ་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་ཞེས་ཡོངས་སུ་གྲགས། དགོན་སྡེ་འདི་ནི་རབ་བྱུང་དྲུག་པའི་ཁྲོ་བོ་ཞེས་ཤིང་མོ་གླང་གི་ལོ་སྟེ་སྤྱི་ལོ ༡༣༨༥ ལོར་བོན་སླེབས་གདུང་རབས་གསུམ་པ་བོན་སླེབས་བྱ་འཕུར་ཉི་མ་འཛིན་གྱིས་གྲུབ་སྡེ་སེར་འཚོགས་ཀྱི་གཞི་གསར་འཛུགས་གནང་བ་དང་། འདུ་ཁང་གསར་བཞུངས་བྱས་ཏེ་བོན་སླེབས་དགོན་དབེན་གནས་བསམ་གཏན་གླིང་ཞེས་མཚན་གསོལ། དེ་ལྟར་བོན་སླེབས་ཀྱི་གདུང་རབས་བཅུ་གཉིས་ཀྱིས་ལེགས་པར་བསྐྱངས། བོན་སླེབས་ནི་དང་ཐོག་སྣང་ཞིག་ཁག་གསུམ་དུ་གྲགས་པ་ལས་གཅིག་ཡིན། ད་ལྟ་རྟོགས་ལྡན་དགོན་གནས་པའི་ས་དེར་དང་ཐོག་ཅི་ཡང་མེད་སྐབས་བོན་སླེབས་ཚང་ཐོག་མར་གཞི་ཆགས། ཉི་མ་འཛིན་གྱིས་འདུ་ཁང་གསར་བཞེངས་བྱས་རྗེས་གསང་སྔགས་ཀྱི་སྒྲུབ་ཆེན་དང་སྔགས་པ་དག་དུས་ཆེན་དང་ཆོས་སྤྱོད་སྐབས་སུ་གནས་དེར་འདུ་བ་རེད། 2011/9/9 20:09:31 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་ཁྱེད་རྟོགས་ལྡན་དགོན་པའི་ལོ་རྒྱུས་ཆ་ཚང་ཞིག་བསྐུར་རོགས་གནང་བར་འཚལ། |
| [NO.102] སྐད་འཇོག་དུས 2011/9/9 13:48:58 རྟོགས་ལྡན་དགོན་ནི་ལོ་རྒྱུས་ཡུན་རིང་ལྡན་པ་དང་ད་ལྟ་བོད་ཁུལ་གྱི་བོན་དགོན་ཆེ་ཤོས་ཤིག་ཡིན། དུས་རབས་བཅུ་གཉིས་པའི་ནང་དུ་དགོན་གནས་འདིར་གྲུབ་སྡེ་བྱུང་བ་དང་དུས་རབས་བཅུ་དྲུག་པའི་ནང་དུ་རབ་བྱུང་བའི་གཙང་དགོན་དུ་བསྒྱུར། ད་ལྟའི་བར་དགོན་སྡེ་འདིར་གཤེན་བསྟན་མ་ནུབ་པར་བསྐྱངས་བས་ལོ་ངོ་བརྒྱད་བརྒྱ་ཡས་མས་ཀྱི་ལོ་རྒྱུས་ལྡན། དགོན་སྡེ་འདི་ནི་བོན་གསར་མའི་ལུགས་སུ་གཏོགས་པས་དགོན་པའི་ཕྱག་ལེན་དང་སྒྲིག་གཞི་སོགས་གཞན་དང་མ་འདྲ་བར་རང་ཉིད་ཀྱི་ཁྱད་ཆོས་ལྡན། གཤམ་ནས་རིམ་པ་བཞིན་དགོན་པ་འདིའི་ལོ་རྒྱུས་དང་། དགོན་སྡེ་འདིར་བཞུགས་པའི་སྐུ་རྟེན། བླ་རབས་རིམ་བྱོན། དགོན་པའི་སྒྲིག་གཞི་དང་ལྷ་སྡེ་སོགས་ཕྱོགས་འགའ་ནས་ངོ་སྤྲོད་མདོ་ཙམ་བྱ། |
| [NO.101] སྐད་འཇོག་དུས 2011/9/7 8:03:31 བོད་རིགས་སྤུན་རྣམས་བཀྲ་ཤིས་བདེ་ལེགས། 2011/9/8 18:42:45 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་ཀྱང་བཀྲ་ཤིས་བདེ་ལེགས་ཞུ། |
| [NO.100] སྐད་འཇོག་དུས 2011/9/7 7:59:44 གངས་ཅན་མེས་པོའི་ལྷ་ཆོས་ལ་གུས་བསྟོད་ཞུ། 2011/9/8 18:37:59 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་ཕེབས་པར་དགའ་བསུ་ཞུ་ཞུ། |
| [NO.99] སྐད་འཇོག་དུས 2011/9/3 16:48:05 ྨམ་གཞི་ བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན།། ཉོ་ས་རྙེད་མ་སོང་ཡང་ ཁྱེད་ནས་བཙལ་འཚོལ་གནང་རོགས་ བྱས་པར་དྲིན་ཆེ།། གལ་སྲིད་ཁྱེད་རྣམ་པའི་སར་དེབ་དེ་བཙོངས་ས་ཡོད་ན་ཡིན་ཅིག་འབྲེལ་བ་གཅིག་གནང་རོགས་།། 2011/9/3 19:47:12 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། འོ་ཡ། |
| [NO.98] སྐད་འཇོག་དུས 2011/8/31 16:01:12 གཞན་ཡང་ བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ ཞེས་པའི་དེབ་དེ་གང་དུ་ཉོ་རྒྱུ་ཡོད་དམ།། རང་ཉིད་ཀྱི་གནས་ཡུལ་ ལྷ་ས།། 2011/9/3 10:09:09 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ལྷ་སའི་དཔེ་ཚོང་ཁང་ཕལ་ཆེར་ནང་ལ་གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་བཙོང་རྒྱུ་འདུག་པས་དེའི་ནང་ལ་དར་རྒྱས་གསལ་སྒྲོན་ཡོད་རེད། དེ་མིན་ཧ་གོ་མ་སོང་ལགས། |
| [NO.97] སྐད་འཇོག་དུས 2011/8/31 15:57:10 རང་ཉིད་ནས་ཁྱེད་མཆོག་ལ་བཀའ་འདྲི་ཞུ་དོན་ནི་ གཡུ་འབྲང་ཕྱུག་མོའི་ཟིན་བྲིས་ གང་དུ་བཙོངས་རྒྱུ་ཡོད་མིན་གྱི་སྐོར་ཡིན་པ་ལས་ རྒྱལ་ཚབ་ཀུན་བཟང་བློ་གྲོས་མཆོག་གི་གསུང་འབུམ་མིན།། 2011/9/3 10:08:09 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁམས་བཟང་། འོ་ན་གཡུ་འབྲང་ཕྱུག་མོའི་ཟིན་བྲིས་ཞེས་པའི་དོན་གོ་མ་སོང་ལགས། དགོངས་དག་ཞུ། |
| [NO.96] སྐད་འཇོག་དུས 2011/8/27 15:42:23 གཙོ་སྒྲིག་པ་ལགས། རང་ཉིད་ཀྱིས་ཁ་ས་ཁྱེད་མཆོག་ལ་བཀའ་འདྲི་ཞུ་དོན་ནི། གཡུང་འབྲང་ཕྱུག་མོའི་ཟིན་བྲིས་ ཞེས་པའི་ དཔེ་དེབ་འདི་གང་ ནས་ཉོ་ཐུབ་མིན་ཡིན། 2011/8/28 18:57:22 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཀུན་བཟང་བློ་གྲོས་གསུང་འབུམ་དེ་ལྷ་སའི་བར་སྐོར་དགེ་ལེགས་དཔེ་ཚོང་ཁང་དུ་འཚོང་རྒྱུ་འདུག་པས་ཁྱེད་བཞུགས་ས་གང་དུ་ཡིན་ནམ |
| [NO.95] སྐད་འཇོག་དུས 2011/8/26 17:16:28 རང་ཉིད་ནི་སློབ་མ་ཞིག་ཡིན། རང་ཉིད་ཀྱིས་སློབ་གྲའི་དཔེ་ཁང་ཁག་ཏུ་གཡུང་དྲུང་བོན་གྱི་དཔེ་དེབ་གང་མང་ཞིག་བལྟས་པ་ཡིན། འོན་ཀྱང་བཀའ་རྒྱད་ཞུ་ཡི་ལོ་རྒྱས་འཁོད་པའི་དཔེ་དེབ་ཧ་ཅང་དཀོན་པོ་འདུག། དེ་སྔ་རྒྱལ་ཚབ་ཀུན་བཟང་བློ་གྲོས་རིན་པོ་ཆེ་མཆོག་གིས་བྲིས་གནང་བའི་ ཞང་བོད་ལོ་རྒྱས་ ཐོག་དེབ་ གཡུ་འབྲང་ཕྱུག་མོའི་ཟིན་བྲིས་ ཞེས་པ་ཞིག་མཆིས་པས། ཁྱེད་མཆོག་ནས་དཔེ་དེབ་འདིའི་ཉོ་ས་ཤེས་ན་ གུས་པར་འབྲེལ་བ་ཞིག་བྱས་ན྄་འགྲིག་གམ།། གནས་ཡུལ། བོད་ལྫོངས་སློབ་ཆེན།། 2011/8/26 19:46:47 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཀུན་བཟང་བློ་གྲོས་ཀྱི་གསུང་འབུམ་དེ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་དུ་བཏབ་ཡོད་པས་དེང་སྐབས་དཔེ་ཚོང་ཁང་ཁག་ནས་འཚོང་རྒྱུ་ཡོད་ས་ཡིན། |
| [NO.94] སྐད་འཇོག་དུས 2011/8/26 16:50:41 དཔེ་དེབ་ བསྟན་པའི་རྣམ་བཤད་དར་ར྅ྒྱས་གསལ་སྒྲོན་ གང་ནས་ཉོ་ཐུབ་བམ་། རང་ཉིད་ཀྱི་གནས་ཡུལ་ བོད་ལྪྗོངས་སྮློབ་ཆེན། 2011/8/26 19:42:39 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གངས་ཏི་སེ་བོན་གཞུང་རིག་མཛོད་དཔེ་ཚོགས་ནང་དུ་བསྟན་པའི་རྣམ་བཤད་དར་རྒྱས་གསལ་སྒྲོན་ཡོད་པ་དང་དེ་བཞིན་ངེད་དྲ་ཚིགས་ནང་དུ་ཡང་དཔེ་དེབ་དེ་ཕབ་ལེན་བྱས་ན་འགྲིག་གི་རེད་ལགས།http://www.himalayabon.com/article/book/books/20100707218.html |
| [NO.91] སྐད་འཇོག་དུས 2011/8/13 23:14:31 བཀུར་འོས་དེ་གའི་གཙོ་སྒྲིག་པ་ལྷན་རྒྱས་ལགས། སྤྱིར་ང་ཚོ་སུ་ཡིན་ནའང་རང་དོན་དང་གཞན་དོན་གང་ཞིག་གིས་བྲེལ་བ་རྒྱུན་མི་ཆད་པ་ཞིག་དང་འབྲེལ་བ་བྲེལ་ཟིང་གི་འཇིག་རྟེན་འདིར་སྐྱེས་པའི་འགྲོ་བ་མང་ཆེ་བར་ཡོད། འོན་ཀྱང་ཐུགས་རྗེས་གཟིགས་རོགས་ཧི་བོན་དྲ་བ་འདི་བོད་ཕྱི་ནང་གང་དུའང་བོད་མི་མང་པོ་ཞིག་གིས་བོན་གྱི་དྲ་བ་ཁྱབ་ཆེ་ཤོས་དང་། ལེགས་ཤོས་ཞིག་ཏུ་གདེངས་འཇོག་གང་འཚམས་བྱེད་མྱོང་བས་མུ་མཐུད་ནས་གཙོ་བོ་ཞང་ཞུང་དང་བོད་ཀྱི་ལོ་རྒྱུས་ཀྱི་ཕྱོགས་ནས་རྩོམ་ཡིག་ིརམ་པས་འགོད་རྒྱུ་ཧ་ཅང་གལ་ཆེ། དེ་མིན་དུས་དེབ་དང་ཚགས་པར་མང་པོ་པར་བསྐྲུན་དང་ཁྱབ་སྤེལ་བྱེད་བཞིན་བསྟོད་པའི་གནས་སུ་འགྱུར་ན་ཡང། དེ་དག་གིས་ལུང་ཁུག་དང་ས་ཁུལ་རེ་ཟུང་ལས་དེ་ཙམ་གྱིས་དར་ཁྱབ་ཆེན་པོ་ཞིག་མི་འོང་བ་དངོས་ཡོད་རེད། དེ་ལས་དྲ་རྒྱ་འདི་ཕུན་སུམ་ཚོགས་ཞིག་བྱེད་རྒྱུ་དྲ་བ་འདི་ཀློག་མཁན་ཁོ་བོའི་རེ་འབོད་ཡིན། 2011/8/15 17:01:02 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གྲོགས་ལྡོང་གསེར་མིག་ལགས་ནས། བསམ་ཚུལ་ལྷུག་པོར་གནང་བར་བཀའ་དྲིན་ཞུ་བ་དང་། དགའ་བསུ་དང་རེ་བ་ལྟར་དུ་གང་ཐུབ་ཐུབ་བྱེད་ངེས་ཡིན། |
| [NO.90] སྐད་འཇོག་དུས 2011/8/1 19:14:13 དོ་དམ་པ་བདེ་མོ་། གངས་ཏི་སེ་བོན་གཞུང་དཔེ་ཚོགས་བཙོང་རྒྱུ་ཡོད་དམ། 2011/8/20 16:22:50 དོ་དམ་པ AZHALAMA ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁམས་བཟང་། ༼གངས་ཏི་སེ་བོན་གཞུང་རིག་མཛོད་༽དཔེ་ཚོགས་ཁྲིན་ཏུའུ་དང་ལྷ་ས་སོགས་ས་ཆ་ལར་དཔེ་ཁང་ནང་བཙོང་རྒྱུ་འདུག ཁྱེད་ཀྱི་ཁ་པར་བདག་ལ་བསྐུར་གནོང་དང་ངས་ཁྱེད་ལ་རོགས་པ་བྱས་ཆོག ཁྲི་བསོད་བསྟན་ནས། |
| [NO.89] སྐད་འཇོག་དུས 2011/7/30 12:13:36 阐稗︽伴蠢办︽的 2011/7/30 15:21:42 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཆོས་སྐྱེས་ནམ་མཁའ་བྱམས་ལགས། དང་ཐོག་ཁྱེད་ཉིད་ཧི་བོན་དྲ་ཚིགས་སུ་ཕེབས་པར་དགའ་བསུ་ཞུ། འོན་ཀྱང་རྗེས་ཕྱོགས་སྐུ་ཉིད་ཕེབས་སྐབས་ཡིན་འགྱུར་རྒྱལ་སྤྱིའི་བོད་ཡིག་ཡིག་གཟུགས་ཧི་གཟུགས་བེད་སྤྱོད་གཏོང་རོགས་གནང་བར་འཚལ། |
| [NO.88] སྐད་འཇོག་དུས 2011/7/12 19:34:54 དྲ་ཚིགས་ཀྱི་ཡིག་གཟུགས་རྣམས་ལེགས་བསྒྲིགས་བྱེད་པར་བཀའ་དྲིན་ཆེ་ཞུ། 2011/7/13 17:08:10 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་ཕེབས་པར་དགའ་བསུ་ཞུ། |
| [NO.87] སྐད་འཇོག་དུས 2011/7/12 19:32:18 དྲ་ཚིགས་ཀྱི་ཡི་གཟུགས་རྣམས་ལེགས་བསྒྲིགས་བྱེད་པར་བཀའ་དྲིན་ཆེ་ཞུ། 2011/7/13 17:08:26 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་ཕེབས་པར་དགའ་བསུ་ཞུ། |
| [NO.86] སྐད་འཇོག་དུས 2011/7/6 23:44:12 དོ་དམ་པའི་སྤྱན་སྔར། ཁྱེད་དྲ་བའི་ནང་གི་<དེབ་ཐེར་ནག་པོ>དང<ལོ་རྒྱུས་ཀྱི་གསར་བརྗེ>།<མདའ་དང་འཕང>སོགས་དཔེ་ཆ་རྩ་ཆེན་དེ་དག་ཅི་ལྟར་བྱེད་ནས་ཉོ་ཐུབ་པ་མཁྱེན་གསུང་གནང་རོགས། ཐུགས་རྗེ་ཆེ། 2011/7/7 22:07:44 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གོང་གི་དཔེ་དེབ་འདི་དག་བོད་ཁུལ་གྱི་དཔེ་འཚོང་ཁང་སོ་སོར་བཙོང་རྒྱུ་འདུག་པས་ཁྱེད་ནས་འབྲེལ་བ་བྱོས་དང་། |