| [NO.190] སྐད་འཇོག་དུས 2014/10/12 13:11:34 དཔེར་ན། ཤེས་རབ་སྡོང་བུ་དང་། ས་སྐྱ་ལེགས་བཤད་ལྟ་བུ་ངོ་སྤྲོད་གནང་རོགས། |
| [NO.189] སྐད་འཇོག་དུས 2014/10/12 13:08:08 སྔོན་རབས་བོན་གྱི་མི་ཆོས་ལེགས་བཤད་ངོ་སྤྲོད་གནང་རོགས། |
| [NO.188] སྐད་འཇོག་དུས 2014/10/12 13:06:22 གུས་པ་འོས་པའི་མཁྱེན་ལྡན་རྣམས་པ་ལ་ཞུ་གྱུར། བོན་ལ་མི་ཆོས་སྐོར་གྱི་ལེགས་བཤད་ག་རེ་ཡོད་པ་དང་། ག་འདྲ་བྱས་ནས་མཇལ་ཡ་རག་ཐུབ་གསུངས་རོགས་གནང་། |
| [NO.187] སྐད་འཇོག་དུས 2014/8/8 20:50:53 ང་ལན་ཀྲོའུ་ཁྱེར་ལ་སོང་ནས་ལ་ོདགུ་འགོར་ཡང་།ཕྱིར་ཕ་ཡུལ་ལ་ཡོང་བའི་ལམ་ངོ་མི་ཟིན་པའི་བཟའ་མི་ཚོས་ང་བསུ་རུ་ཡོང་བ་གལ |
| [NO.186] སྐད་འཇོག་དུས 2013/12/24 23:27:12 གཡུང་དྲུང་བོན་གྱི་ཤེས་རིག་ཚིག་མཛོད་དེ་གང་དུ་ཉོ་ཐུབ་བམ། |
| [NO.185] སྐད་འཇོག་དུས 2013/11/24 23:25:04 ལག་འཁྱེར་ལས་དྲ་བའི་བརྙན་ལ་ལྟ་མི་ཐུབ་པས་རྒྱུ་རྐྱེན་གང་རེད། གཉེན་ཆས་འདྲ་ཕབ་ལེན་བྱ་རྒྱུ་ཡོད་པ་ཨེ་རེད་ལགས། མྱུར་དུ་ལན་ཞིག་གསུང་རོགས། |
| [NO.184] སྐད་འཇོག་དུས 2013/11/3 14:04:32 དྲ་ཚིགས་ཀྱི་བརྙན་གཟུགས་ནང་དུ་བོན་དང་འབྲེལ་བའི་་སྐོར་ཀྱི་འཆད་ཁྲིད་མང་དུ་ཡད་ན་བསམ |
| [NO.183] སྐད་འཇོག་དུས 2013/10/16 11:33:00 ངའི་མིང་ལ་ལྔ་ལྡན་ཟེར་གྱི་ཡོད་ ཁྱེད་ཚོའི་དྲ་བ་འདི་ཧ་ཅང་ཡག་པོ་འདུག། དེར་བརྟེན་གུས་པ་ཡང་ཁྱེད་ཚོའི་དྲ་བའི་ཁུང་མི་ཞིག་བྱ་འདོད། |
| [NO.182] སྐད་འཇོག་དུས 2013/9/11 18:54:31 དསསབདསབདསབ |
| [NO.181] སྐད་འཇོག་དུས 2013/6/15 9:51:37 ཧི་བོན་ཟིན་འབྲིས་སུ་ཐོ་འགོད་མི་ཐུབ་པ་གང་ཡིན། 2013/6/25 8:00:51 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཁྱེད་ཀྱིས་ཟིན་ཐོ་འགོད་འདོད་ན་ཐོ་འགོད་ཨང་དང་གསང་ཨང་། གནས་ཡུལ་ཡིག་སྒམ་སོགས་ང་ཚོར་བསྐུར་ཤོག་དང་ང་ཚོས་དུས་ལྟར་ཐོ་འགོད་བྱས་ཆོག ཡི་གེ་བསྐུར་ཡུལ། trisoten727@yahoo.com |
| [NO.180] སྐད་འཇོག་དུས 2013/6/12 23:03:22 རང་ཡང་བོན་པོའི་ཆོས་དད་པ་ཞིག་དང་ཧི་མ་ལ་ཡའི་བོན་དྲ་ངོས་ཀློག་པ་པོ་ཞིག་གི་ཆ་ནས་ཁྱེད་རྣམ་པའི་དཀའ་ངལ་ལ་འཛེམས་པར་འདི་ལྟ་བའི་སློབ་སྦྱོང་གི་སྟེགས་བུ་ཞིག་བསྐྲུན་པར་སྙིང་ནས་བཀའ་དྲིན་ཞུ་ཞུ།། ཁྱད་པར་དུ་གློག་རྡུལ་དེབ་ནང་བོན་བརྒྱ་རིན་པོ་ཆེ་ཚང་གི་གསུང་རྩོམ་མུ་འགོད་གནང་བར་ཞུ་ཞུ། ། 2013/6/25 8:05:42 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། གང་ནུས་ཀྱིས་བོན་ཕྱོགས་ཡིག་ཆ་མང་པོ་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ཨེ་ཐུབ་བལྟ་ཡོང་། |
| [NO.179] སྐད་འཇོག་དུས 2013/5/13 16:50:22 རང་ནི་བོད་ཀྱི་རིག་གནས་ལ་དགའ་ཞིང་། བོན་ཀྱི་རིག་གནས་ལ་ཡང་དགའ། ལྷག་པར་ཏུ་བོན་ནག་གི་རིག་གནས་ལྟ་བའི་ རེ་བ་ཡོད་པའི། དེའི་ཕྱོགས་ཀྱི་དཔེ་ཆ་བཙལ་ནས་མ་ལོན། དྲ་ཐོག་ལ་བཀོད་ཐུབ་ན་རྒྱ་ཆེན་ཀློག་པ་པོ་རྣམས་ལ་ཕན་པ་ཆེན་པོ་ཡོད་རྒྱུ་རེད། དྲ་བདག་ཁྱེད་རྣམས་ལ་རེ་བ་ཞུས་བ་ཡིན། སྒ་ལྕགས་མགོ་ཚེ་རིང་ནས། |
| [NO.178] སྐད་འཇོག་དུས 2013/4/24 17:21:39 ང་རང་བོན་གྱི་ཤེས་རིག་ལ་འཇུག་མཁན་ཅིག་ཡིན། མདོ་སྨད་ཡུལ་དུ་བོན་བསྟན་དར་བ་ལ་ཞག་རྗེས་ཆེ་བའི་ཞིག་ཆེན་བཅོ་བརྒྱད་དང་འབྲེལ་བའི་ཡིག་ཆ་དང་ལོ་རྒྱུས་འགའ་རེ་མཁོ་འདོན་བྱེད་རྒྱུ་ཡོད་དམ། ཐུགས་རྗེ་ཆེ་ཞུ་ཞུ། 2013/6/25 8:19:05 དོ་དམ་པ snowyouth ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། རྩོམ་ཡིག་འདི་ལ་གཟིགས་དང་བློ་བསྐྱེད་རེ་རེག་ན་ཐང་། http://old.himalayabon.com/article/character/celebrity/20120624833.html |
| [NO.177] སྐད་འཇོག་དུས 2013/4/6 3:32:53 དགོངས་དག་ཐང་ཁའི་དཔར་འདི་ན་གཞག་ཐུབ་མ་སོང། ཐང་ཁའི་གཙོ་ལྷ་ནི་ཞལ་ཁྲོ་བོ་ཡིན་པ་སྤྱན་གསུམ་ཡོད་པ་སྤྱི་གཙུག་ན་ཆུ་སྲིན་དང་བྱ་རོག་གི་མགོ་ཡོད་པ་ལག་གཡས་མདུང་འཛིན་པ་ལག་གཡོན་ན་ཞག་པ་ཐོག་པ་རྟ་རྐྱང་དམར་སྟེང་ན་འགྱང་སྟབས་སུ་བཞུགས་པ། རྟའི་ཁ་ནང་ནས་སྦྲུལ་མང་པོ་མདའ་ལྟར་འཕེན་སྟེ་ཕ་རོལ་པོ་རྣམས་བསད་པ། རིགས་བདག་གུ་རུ་རིན་པོ་ཆེ་ལྟ་བུ་ཕྱག་གཡས་རྡོ་རྗེ་ཕྱར་བ་ཕྱག་གཡོན་ཕུར་བུ་འཛིན་པ་སྟེ་རྒྱལ་པོ་རོལ་བའི་སྟབས་སུ་བཞུགས་པ། འཁོར་མང་པོ་ཡོད་པ་རེ་ནས་འབྲི་མ་ཐུབ། དེ་ལྟ་བའི་ཐང་ཁ་འདི་དུས་ནམ་ཞིག་ལ་སུ་ཞིག་གིས་བྲིས་པ་རིགས་བདག་དེ་སུ་ཡིན་པ། ཡིད་དམ་རེད་དམ་ཆོས་སྐྱོང་རེད། སྐུ་མཁྱེན་ང་ལ་ལན་ཡོད་པར་མཁྱེན། |
| [NO.176] སྐད་འཇོག་དུས 2013/3/23 1:47:58 ཧི་མ་ལ་ཡའི་དྲྭ་བའི་གཙོ་སྒྲུབ་པ་རིན་སྤུངས་ཚུལ་བསྟན་མཆོག་གིས་སྐྱོན་སེལ་དང་གསལ་བྱེད་གནང་བར་སྙིང་ཐག་པ་་ནས་ཐུགས་རྗེ་ཞུ་རྒྱུ་ཡིན་་་་་་་སྤྱིར་སྐྱོན་སེལ་དང་གསལ་བྱེད་ནི། མཐུན་འབྲེལ་གྱི་རྩ་བ་རེད། མཐུན་འབྲེལ་ལ་སྟོབས་ཤུགས་ཡོད་དུས། ཧི་མ་ལ་ཡའི་གཡུང་དྲུང་བོད་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་མཚོ་ནང་བཞིན་གཏིང་ཟབ་དང་ནམ་མཁའ་ལྟ་བའི་རྒྱ་ཆེན་ཡོང་བའི་སྨོན་འདུན་གྲངས་མེད་བཅས་་་་ཆོས་འཇིག་གཉིས་ལ་རྨོངས་རྒན་ཨ་འདུས་བླ་མའི་ཕུལ། 2013/3/23 12:00:41 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཉིད་ནས་ཀྱང་ཉིད་ཀྱི་བསམ་ཚུལ་གང་ཡོད་གསུངས་པར་གུས་བཀུར་སོགས་ཞུ་བཞིན་ཡོད་ལགས། རྗེས་ཕྱོགས་མུ་མཐུད་བསམ་འཆར་གང་ཡོད་བཏོན་པར་དགའ་བསུ་ཞུ་ཞུ། ཞེས་རིན་སྤུངས་ནས་ |
| [NO.175] སྐད་འཇོག་དུས 2013/3/20 2:02:07 ཧི་མ་ལ་ཡའི་བོན་གྱི་དྲྭ་བདག་ནམ་པར་ཞུ་རྒྱུར་་་་་མི་སྣ་ངོས་སྤྲོད་ནང་སྣང་ཞིག་སྐྱབས་མགོན་མེད་པ་ཅི་ཡིན་ནམ། དེ་བཞིན་དགོན་སྡེ་ནང་ལ་སྣང་ཞིག་དགོན་པ་མེད་དོན་ཅི་ཡིན་ནམ། འཕྲག་དོག་དང་འགྲན་སེམས་སོགས་ཀྱིས་ལྷད་མེད་པར་ཤོག་་་་་་་ 2013/3/20 18:51:56 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། ཨ་འདུས་བླ་མ་ལགས་ནས་དང་ཐོག་བསམ་འཆར་བཏོན་པར་གུས་བཀུར་ཞུ། འོན་ཀྱང་སྣང་ཞིག་དགོན་པ་ཡོད་རེད་དྲ་གནས་འདི་ཡིན།http://www.himalayabon.com/article/monastery/mountains/20100705179.html གཞན་སྣང་ཞིག་སྐྱབས་མགོན་ཐད་ལ་ང་ཚོས་སྣང་ཞིག་དགོན་གྱི་མི་སྣ་འགའ་ཞིག་ལ་རེ་བ་ཞུས་པ་ཡིན་མོད། ད་རུང་དེའི་འབྲས་བུ་ཐོན་མ་སོང་བས་ཆེད་དུ་དགོངས་དག་ཞུ་བཞིན་ཡོད། ང་ཚོས་ཀྱང་གང་མགྱོགས་ཤིག་ལ་སྣང་ཞིག་དགོན་པའི་མི་སྣའམ་གཞན་གང་དག་གིས་ང་ཚོ་ལ་སྣང་ཞིག་སྐྱབས་མགོན་ཚང་གི་མཛད་རྣམ་མདོར་འདུས་ཤིག་གནང་བར་རེ་སྒུག་བྱེད་དང་བྱེད་བཞིན་ཡོད་ལགས། ཞེས་རིན་སྤུངས་ཚུལ་བསྟན་ནས་ |
| [NO.174] སྐད་འཇོག་དུས 2013/3/13 11:09:42 1 ལམ་རིམ་“དྲུག་ཅུ་བ”ཞེས་པ་གོ་བ་ཅི་ལྟར་ལེན་དགོས། སོ་སོའི་ཕན་ནུས་དང་དགེ་བ་ཅི་ཡིན། |
| [NO.173] སྐད་འཇོག་དུས 2013/3/3 18:00:14 དྲྭ་བདག་ལགས། སྨན་རིའི་སློབ་དཔོན་ཡང་སྟོན་འཕྲིན་ལས་ཉི་མ་རིན་པོ་ཆེ་ཚང་གི་གསུང་རྩོམ་པར་བསྐྲུན་བྱས་ཡོད་པ་དེ་གང་དུ་བཙོང་རྒྱུ་ཡོད་དམ། ཐུགས་རྗེ་ཆེ། 2013/3/5 8:23:37 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། བོད་ལ་ད་རུང་སླེབས་ཡོད་ས་མ་རེད་ཡ། |
| [NO.172] སྐད་འཇོག་དུས 2013/2/20 21:29:50 བྲག་ཕུག་དེ་ནི་ཕུག་ཐག་རིང་བ་དང་། ཡན་ལག་མང་བ་རེད་འདུག་ཟེར། དགོན་པའི་འགན་འཛིན་ལ་རྒྱུས་ཡོད་པ་མ་གཏོགས། མི་རྒྱུས་མེད་ཀྱིས་ཡིག་ཆ་ཡོད་ས་དེ་རྙེད་བཀའ་བ་རེད་ཟེར། ཡིག་ཆ་ཕོན་ཆེན་ཡོད་པ་དང་དེ་དག་གང་སར་འཐོར་འདུག་ཟེར། ལེགས་སྒྲིགས་དང་ནང་དོན་ཕྱིར་འདོན་བྱེད་རྒྱུ་ནི་ཛ་དྲག་ཡིན་པར་འདོད། ཁ་བྲོ། བཀྲ་ཤིས། བོན་རྒྱལ་ལོ།། 2013/2/22 10:48:58 དོ་དམ་པ tibetmonk ལགས་ཀྱིས་ལན་སློག་པ་གཤམ་གསལ་ལྟར། དེའི་ཐད་ལ་ང་ཚོ་ཚང་མས་གང་ཐུབ་ཀྱིས་ལས་ཀ་བྱེད་ན་ལེགས་སྙམ། |
| [NO.171] སྐད་འཇོག་དུས 2013/2/20 21:12:07 གོ་ཐོས་ལ། ཕྲན་གྱི་ཕ་ཡུལ་ཁམས་ནང་ཆེན་སྡོམ་པ་ཡུལ་ཤོགས་རེ་ལ་དགོན་ཟེར་བའི་ས་སྐྱའི་དགོན་པ་ཞིག་ཡོད། དགོན་དེའི་རྒྱབ་རི་བྲག་ཕུག་ནང་དུ་གནའ་རབས་བོན་གྱི་ཡིག་ཆ་གསེར་བྲིས་དང་། དངུལ་བྲིས། ཤིང་ལོ་ཐོག་ལ་བྲིས་པ་སོགས་ཡོད་པ་རེད་ཟེར་ཞེས་གནས་མི་ཁ་ཤས་ཀྱིས་མཐོང་མྱོང་བ་རེད་འདུག དེ་ན་ང་ཚོ་བོད་ཀྱི་འབྱུང་ཁུངས་བོན་གྱི་ཆོས་དང་ལོ་རྒྱུས་རིན་ཐང་བྲལ་བའི་ཡིག་ཆ་ཡོད་སྲིད་པ་རེད་བསམ། ད་ལྟ་དེ་རེ་ལ་དགོན་པས་དོ་དམ་བྱེད་ཀྱིན་ཡོད་པས་འབྲེལ་ཡོད་དང་གོ་བསྡུར་རེད་ནས་དེ་དག་གི་ནང་དོན་ང་ཚོ་རྗེས་རབས་པས་མཐོང་རྒྱུ་ཡོད་པ་རེད་ན་ཅི་མ་རུང་། དྲྭ་ཚིགས་འདི་འཛིན་སྐྱོང་བྱེད་པ་པོ་ནི་བོད་ཀྱི་རིག་གནས་དང་ལོ་རྒྱུས་ལ་མཁས་པ་ཡིན་པར་ངས་ཁྱེད་རྣམས་ལ་ཐབས་ལམ་བརྒྱུད་ནས་ཡིག་ཆ་དེ་དག་གི་ནང་དོན་ཕྱི་རུ་འདོན་ཐབས་བྱེད་པའི་རེ་བ་ཡོད། བཀྲ་ཤིས་བདེ་ལེགས། |